ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

【མི་རིགས་གཅིག་ཀྱང་ལུས་མི་ཆོག】ཨ་ཁུ་ཁུར་པན་ལགས་ཀྱི་ཕ་ཡུལ་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་འདུག

2020-06-24 17:45:00     责编:sangjzm
ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར། ཨ་ཁུ་ཁུར་པན་ལགས་ཀྱིས་བོང་བུ་བཞོན་ནས་ཤིན་ཅང་ཡུས་ཐེན་རྫོང་ནས་ཐོན་ཏེ་པེ་ཅིང་དུ་མའོ་ཀྲུའུ་ཞི་མཇལ་དུ་འགྲོ་རྒྱུའི་སེམས་ཐག་བཅད། ད་ལྟ། མེ་འཁོར་དང་སྒེར་འཁོར་གཏོང་མཁན་གྱི་ཡུལ་སྐོར་བ་སྔར་ལས་མང་བ་ཞིག་གིས་ཁོང་གི་ཕ་ཡུལ་དུ་བསྐྱོད་ནས་འདས་དོན་བསྐྱར་དྲན་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་རྣམ་པ་གསར་པ་ཉམས་སུ་མྱོང་བཞིན་ཡོད། 
དབྱར་འགོའི་དུས་སུ། གསར་འགོད་པ་བྱེ་ཐང་གི་མཐའ་རུ་གནས་པའི་ཨ་ཁུ་ཁུར་པན་ལགས་ཀྱི་ཕ་ཡུལ་ཡུས་ཐེན་རྫོང་ཐོ་ཀེ་རི་ དཀར་རྩེ་ཤང་ཐོ་ཀེ་རི་དཀར་རྩེ་གྲོང་ཚོར་སླེབས། རྒྱས་སྐྲུན་བྱས་རྗེས་ཀྱི་ཁུའུ་པན་•ཐུའུ་ལུ་མུའུ་དྲན་གསོ་ཁང་གི་སྒོ་ཁར་རླངས་འཁོར་དང་སྦག་སྦག་གྲལ་བསྟར་སྒྲིག་པོས་བཞག་ཡོད་པ་དང་། ཡུལ་དེ་གའི་མིང་གྲགས་ལ་དམིགས་ཏེ་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་རྒྱུན་ཆད་མེད་པ་ཡོད། 
དྲན་གསོ་ཁང་འདི་སྤྱི་ལོ་2003ལོར་བཙུགས་པ་དང་། ཉེ་བའི་ལོ་ཤས་རིང་། རྒྱས་སྐྲུན་ཐེངས་མང་བྱས་རྗེས་སླར་ཡང་ཡུལ་སྐོར་བར་སྒོ་ཕྱེ་ཡོད། རྒྱས་སྐྲུན་བྱས་པའི་རྗེས། འགྲེམས་ཁང་ནང་ལོ་རྒྱུས་ཀྱི་འདྲ་པར་རྩ་ཆེན་དང་། ཚད་ལྡན་ཡིག་ཆ་དང་དངོས་པོ་གལ་ཆེན་བཤམས་ཡོད་པ་ཕུད། ད་དུང་སྒྲ་བརྙན་ཁང་ཁ་སྣོན་བྱས་པ་དང་།  འབུར་བརྐོས་སྐུ་བརྙན་དང་། ཆེད་དོན་པར་གཞི་བཟོས་ཡོད་པས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞེས་པའི་མིང་ཐོབ་ཡོད། 
ཡིད་སེམས་རྣལ་དུ་ཕབ་ནས་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པའི་བརྒྱུད་རིམ་ནང་། འདྲ་པར་རྙིང་པ་རེ་རེ་དང་། ཅ་དངོས་རྙིང་པ་རེ་རེས་ཐག་རིང་ནས་ཡོང་བའི་ལྟ་སྐོར་བ་རྣམས་ཧང་སངས་སུ་བཅུག་ཡོད། ཨ་ཁུ་ཁུར་པན་ལགས་ནི་ཆུང་དུས་ནས་ཁྱིམ་ཚང་སྐྱོ་པོའི་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གཞི་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།  ཤིན་ཅང་བྱང་རྒྱུད་ཀྱི་ཀྲའོ་སུའུ་རྫོང་གི་ལས་བྱེད་པ་སུའུ་ལི་ཐན་•མ་ན་ཕུའུ་ཧན་གྱིས་དུས་རབས་གསར་པར་གནས་པའི་ང་ཚོས་ཏང་གི་རྗེས་སུ་འབྲང་པའི་དད་སེམས་དེ་བས་བརྟན་དུ་བཏང་ནས། ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བ་དྲིན་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
 ཡུས་ཐན་རྫོང་ཨུད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྲན་གསོ་ཁང་གིས་ཆ་སྙོམས་ལོ་ལྟར་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཡན་ལ་སྣེ་ལེན་ཞུ་ཡི་ཡོད། དེའི་ནང་། ཤིན་ཅང་ལྷོ་རྒྱུད་དུ་སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་མཁན་ས་ཆ་གཞན་གྱི་མི་མང་པོ་ཞིག་གིས་ཨ་ཁུ་ཁུར་པན་གྱི་ཕ་ཡུལ་དེ་རང་ཉིད་ཀྱི་ཡུལ་སྐོར་བྱེད་ཡུལ་ཐོག་མ་དེར་བདམས་ཀྱི་ཡོད།
དེ་དང་ཆབས་ཅིག ཐོ་ཀེ་རི་ཀ་རྩེ་གྲོང་ཚོ་ཡང་ཉིན་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན། ཧྲུའུ་ཅི་དང་པོ་ཝང་པོ་ཡིས། གྲོང་ཚོས་དྲན་གསོ་ཁང་གི་མཐའ་འཁོར་དུ་རིག་གནས་ཀྱི་སྒོ་ར་ཆེ་མོ་དང་། ཐང་ཆེན་གྱི་འཇིམ་བརྐོས། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྲོམ་ལམ་སོགས་བསྐྲུན་ནས། གསར་བརྗེའི་ཡུལ་སྐོར་དེ་བས་ལེགས་པའི་སྒོ་ནས་གསར་སྤེལ་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། སྔོན་ཆད་རྒྱུན་དུ་བྱེ་རླུང་ལྡང་བའི་གྲོང་ཚོ་དེ་ཉིད། ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། ཁོད་སྙོམས་པའི་གྲོང་ཚོའི་གཞུང་ལམ་གཡས་གཡོན་གཉིས་སུ། ཁྱིམ་ཚང་སོ་སོའི་གཙང་ཞིང་གྲལ་སྟར་འགྲིག་པའི་སྡོད་ཁང་དང་། ཤིང་ལེབ་དམར་པོ་ལས་སྐྲུན་པའི་རྒུན་འབྲུམ་གྱི་ཁྱམས་རིང་ཡུག་གཅིག་ཏུ་སྦྲེལ་ཞིང་། གློག་རྡུལ་ཚོང་དོན་གྱི་སྒོ་རྩིས་ཚོང་ཁང་དང་ཡུལ་སྐོར་ཞིང་ཁྱིམ་མགྲོན་ཁང་སོགས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་ཅེས་བསྟན་ཡོད།
ན་ནིང་། ཐོ་ཀེ་རི་ཀ་རྩེ་གྲོང་ཚོས་གྲོང་ཚོ་ཡོངས་དབུལ་གྲོལ་ཐུབ་པ་ཁྱབ་བསྒྲགས་བྱས་པ་དང་། གྲོང་ཚོའི་ནང་མུའུ་སྟོང་ལྷག་ཙམ་གྱི་རྒུན་འབྲུམ་དང་ལུག་མིག་མེ་ཏོག་གི་འདེབས་འཛུགས་རྟེན་གཞི་བཙུགས་ནས། ཐེམ་དུད་༢༥༠ལྷག་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། དུས་མཚུངས་སུ་ལས་ཞུགས་སྤོ་སྒྱུར་བྱ་ཐབས་ལ་བརྟེན་ནས། ཐེམ་དུད་༣༠༠ལྷག་རང་ཁ་རང་གསོ་ཐུབ་ཡོད་པས། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལས་བརྒལ་ཡོད་པ་རེད།
ཝང་པོ་ཡིས། མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་པས། ཏང་གི་རྗེས་སུ་འབྲངས་རྒྱུའི་དད་སེམས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།
 

中央广播电视总台 央广网 版权所有

【མི་རིགས་གཅིག་ཀྱང་ལུས་མི་ཆོག】ཨ་ཁུ་ཁུར་པན་ལགས་ཀྱི་ཕ་ཡུལ་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་འདུག

དྲན་གསོ་ཁང་འདི་སྤྱི་ལོ་2003ལོར་བཙུགས་པ་དང་། ཉེ་བའི་ལོ་ཤས་རིང་། རྒྱས་སྐྲུན་ཐེངས་མང་བྱས་རྗེས་སླར་ཡང་ཡུལ་སྐོར་བར་སྒོ་ཕྱེ་ཡོད། རྒྱས་སྐྲུན་བྱས་པའི་རྗེས། འགྲེམས་ཁང་ནང་ལོ་རྒྱུས་ཀྱི་འདྲ་པར་རྩ་ཆེན་དང་། ཚད་ལྡན་ཡིག་ཆ་དང་དངོས་པོ་གལ་ཆེན་བཤམས་ཡོད་པ་ཕུད། ད་དུང་སྒྲ་བརྙན་ཁང་ཁ་སྣོན་བྱས་པ་དང་། འབུར་བརྐོ