ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ལམ་317ལམ་ཐིག་གི་འཛམ་ཐང་རྫོང་ཕོ་སུལ་ཤང་བསུ་ཡོ་གྲོང་ཚོའི་ཆུ་ལོག་གིས་གཏོར་སྐྱོན་ཕོག་པའི་ལམ་དུམ་དུ་ལམ་ཆུང་ཞིག་མྱུར་བཟོ་བྱས་ནས་ཤར་གཏོང་ཐུབ་པ།

2020-06-24 17:08:00     责编:sangjzm
རླངས་འཁོར་ཆུང་གྲས་ཕྱོགས་གཅིག་ནས་བསྐྱོད་ཆོག
 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན་གྱི་ཆུ་ཚོད་16ཙམ་ལ། བསྟུད་མར་ཉིན་4རིང་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་བརྒྱུད། ཆུ་ལོག་གིས་གཏོར་སྐྱོན་ཕོག་པའི་རྒྱལ་ལམ་317རྒྱུད་ཀྱི་འཛམ་ཐང་རྫོང་ཕོ་སུལ་ཤང་བསུ་ཡོ་གྲོང་ཚོའི་ཆུ་ལོག་གི་གཏོར་སྐྱོན་ཕོག་པའི་ལམ་དུམ་གྱི་ལམ་ཆུང་མྱུར་བཟོ་བྱས་ཟིན་ལ། འཛམ་ཐང་རྫོང་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ཆུང་གྲས་ཕྱོགས་གཅིག་ནས་བསྐྱོད་ཆོག་གི་ཡོད།
     ཟླ་6ཚེས་19ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཡས་མས་སུ། དྲག་ཆར་བསྟུད་མར་བབས་པའི་འོག  རྒྱལ་ལམ་317རྒྱུད་ཀྱི་འཛམ་ཐང་རྫོང་ཕོ་སུལ་ཤང་བསུ་ཡོ་གྲོང་ཚོའི་ལམ་དུམ་གྱི་ཆུ་བོའི་ཕ་རོལ་བརྡིབས་པ་དང་། དེའི་ཁར་ཉེ་དུས་ཆར་པ་ཆེན་པོ་འབབ་ནས་ཆུ་བོ་ཆེས་ཆེར་རྒྱས་པའི་ཤུགས་རྐྱེན་ལས། ལམ་གཞི་སྨི་300འཁྱེར་ནས་འགྲོ་ལམ་རྦད་དེ་བཅད་ཡོད། ཉིན་དེ་ནས་བཟུང་ལམ་དུམ་དེར་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་འཁོར་རིགས་ཚང་མ་འགྲོ་སྐྱོད་བྱེད་ཆོག་གི་མེད་པ་རེད།
     གནོད་འཚེ་ཐོན་རྗེས། སི་ཁྲོན་འཛམ་ཐང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་མར་ཉེ་འཁོར་ནས་འཕྲུལ་ཆས་དང་ཉེན་སེལ་རུ་མི་བསྡུ་རུབ་བྱས་ཏེ་མྱུར་བཟོ་བྱས་པ་མ་ཟད། རི་འགྲམ་ནས་རིང་ཚད་ལ་སྨི་300ཡོད་ཅིང་། སྤྱོད་གོ་ཆོད་པའི་ལམ་ཞེང་སྨི་5ཡོད་པའི་གནས་སྐབས་ཀྱི་ལམ་ཆུང་ཞིག་མྱུར་བཟོས་བྱས་པ་རེད། མིག་སྔར་ལམ་ཆུང་དེར་རླངས་འཁོར་ཆུང་གྲས་ཕྱོགས་གཅིག་ནས་སྐྱོད་ཆོག་གི་ཡོད།
  
 

中央广播电视总台 央广网 版权所有

རྒྱལ་ལམ་317ལམ་ཐིག་གི་འཛམ་ཐང་རྫོང་ཕོ་སུལ་ཤང་བསུ་ཡོ་གྲོང་ཚོའི་ཆུ་ལོག་གིས་གཏོར་སྐྱོན་ཕོག་པའི་ལམ་དུམ་དུ་ལམ་ཆུང་ཞིག་མྱུར་བཟོ་བྱས་ནས་ཤར་གཏོང་ཐུབ་པ།

ཟླ་6ཚེས་23ཉིན་གྱི་ཆུ་ཚོད་16ཙམ་ལ། བསྟུད་མར་ཉིན་4རིང་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་པ་བརྒྱུད། ཆུ་ལོག་གིས་གཏོར་སྐྱོན་ཕོག་པའི་རྒྱལ་ལམ་317རྒྱུད་ཀྱི་འཛམ་ཐང་རྫོང་ཕོ་སུལ་ཤང་བསུ་ཡོ་གྲོང་ཚོའི་ཆུ་ལོག་གི་གཏོར་སྐྱོན་ཕོག་པའི་ལམ་དུམ་གྱི་ལམ་ཆུང་མྱུར་བཟོ་བྱས་ཟིན་ལ། འཛམ་ཐང་རྫོང་ནས་འགྲོ་འོང་བྱེད་མཁན་རླ