ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཁག་སོ་སོར་པེ་ཅིང་འཛམ་གླིང་སྐྱེ་ཚལ་དངོས་མང་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ཐུག་འཕྲད་གནང་བ།

2019-10-10 09:36:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་10པའི་ཚེས་9ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཁག་སོ་སོར་ཀྲུང་གོར་སྤྱི་ལོ་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེ་ཚལ་དངོས་མང་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཕེབས་པའི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་བོ་ལོ་ནུའོ་ཧྥུ་དང་ཨ་སད་པད་ཅང་གི་ཙུང་ལི་གཞོན་པ་ཨ་པུ་ཐ་ལེ་བོ་ཧྥུ། ཁམ་ཕུ་ཁྲེའི་དབུ་ཞུགས་བློན་ཆེན་གཞོན་པ་ཧོ་ནན་ཧུང་བཅས་དང་ཐུག་འཕྲད་གནང་ཡོད།

བོ་ལོ་ནུའོ་ཧྥུ་དང་ཐུག་འཕྲད་གནང་སྐབས། ལི་ཁེ་ཆང་གིས་ཀྲུང་ཅི་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ད་ལོ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལེགས་འགྲུབ་ལྡན་པའི་ངང་ཕན་ཚུན་འཚམས་འདྲི་ཞུས་ནས། ཕྱོགས་གཉིས་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་ཡོད། ཀྲུང་ཅི་ཕྱོགས་གཉིས་པོས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་སྔ་ཕྱི་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཅིར་ཅི་སི་སི་ཐན་བར་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་། མ་འཇོག་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཨ་པུ་ཏ་ལེ་བོ་ཧྥུ་དང་ཐུག་འཕྲད་གནང་སྐབས། ལི་ཁེ་ཆང་གིས་ཀྲུང་གོ་དང་ཨ་སད་པའེ་ཅང་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་མཉམ་ལས་བྱེད་ཀྱི་ཡོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་སད་པའེ་ཅང་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་མཐུན་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་སད་པའེ་ཅང་ཕྱོགས་བར་མཛའ་གྲོགས་མཉམ་གནས་དང་མཉམ་ལས་གཉིས་རྒྱལ་ཡོང་བ་བྱས་ཏེ། ཐུན་མོང་གོང་འཕེལ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཧོ་ན་ཧུང་དང་ཐུག་འཕྲད་གནང་སྐབས། ལི་ཁེ་ཆང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཕྱོགས་གཉིས་པོས་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཕན་ཚུན་བརྩི་བཀུར་དང་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཁམ་ཕུ་ཁྲེ་ཕྱོགས་བར་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་ངང་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་བ། གང་མགྱོགས་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་འཇོག་རྒྱུར་སྐུལ་འདེད་གཏོང་བ། ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི་གྲོས་བསྡུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཕྱི་ཕྱོགས་ཀྱི་འགོ་ཁྲིད་པས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ནས། ཀྲུང་གོར་ཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有