ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དང་ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་བསྒྲོན་གནང་བ།

2019-10-10 09:32:00     责编:卓玛才让

རྒྱལ་ཡོངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་དང་ཞི་བདེ་དང་གོང་འཕེལ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་མཐུན་ཚོགས་བཅས་ནས་སྤྱི་ཚེས་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དང་ཀྲུང་གོ་དང་ཨུ་རུ་སུའི་བར་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྣེ་ལེན་ཞུ་བའི་ཚོགས་འདུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་། ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་བ་ཅེའི་ཉེ་སོ་ཧྥུ་རྣམ་གཉིས་ནས་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་བསྒྲོན་གནང་ཡོད།

ལི་ཀྲན་ཧྲུའུ་ཡིས། ད་ལོའི་སྤྱི་ཟླ་6པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་རྣམ་གཉིས་ནས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡོངས་གྲགས་གནང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཉིད་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཛེས་རྒྱལ་ཁབ་བར་ཕན་ཚུན་ཡིད་ཆེས་དང་རོགས་ལས་བྱེད་པའི་དཔེ་མཚོན་དུ་འགྱུར་བ་དང་། འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་དྲང་ནུས་སུ་འགྱུར་བ་བྱས་ཡོད། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣས་མཉམ་དུ་འབད་བརྩོན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གོང་འཕེལ་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有