ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཤུའུ་སེ་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་དོན་གཅོད་ཁང་གིས་ཤུའུ་སེ་ཏུན་མེ་ཤུགས་འཕུར་མདའ་རུ་ཁག་གི་འབྲེལ་ཡོད་མི་སྣའི་ནོར་འཁྲུལ་གྱི་གཏམ་བརྗོད་ཐད་ཕར་ཕྱོགས་ལ་དྲག་ནན་གྱི་འབྲེལ་གཏུགས་བྱས་པ།

2019-10-09 09:27:00     责编:卓玛才让

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་སྤྱི་ཚེས8ཉིན་ཕྱི་འབྲེལ་པུའུ་ཡི་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཤུའུ་སེ་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་དོན་གཅོད་ཁང་གིས་ཤུའུ་སེ་ཏུན་མེ་ཤུགས་འཕུར་མདའ་རུ་ཁག་གི་འབྲེལ་ཡོད་མི་སྣའི་ནོར་འཁྲུལ་གྱི་གཏམ་བརྗོད་ཐད་ཕར་ཕྱོགས་ལ་དྲག་ནན་གྱི་འབྲེལ་་གཏུགས་བྱས་ཡོད། ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་དང་དེ་བཞིན་ཤུའུ་སེ་ཏུན་མེ་ཤུགས་འཕུར་མདའ་རུ་ཁག་གི་ཀྲུང་གོའི་ཕྱོགས་ཀྱི་མཉམ་ལས་རོགས་པས་ཀྱང་གཅིག་རྗེས་གཉིས་མཐུད་དུ་གསལ་བསྒྲགས་སྤེལ་ཡོད། ཀྲུང་གོའི་ལང་ཕྱོགས་ནི་ཤིན་ཏུ་ཁ་གསལ་བ་ཞིག་རེད། གསར་འགོད་པ་རྣམས་ནས་ཀྲུང་གོའི་མང་ཚོགས་ནས་དོན་དེའི་ཐད་བྱེད་པའི་ལན་ཆ་དང་ཁོ་ཚོའི་རྣམ་འགྱུར་ལ་དོ་སྣང་བྱ་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོའི་ཕྱོགས་བར་སྤེལ་རེས་དང་མཉམ་ལས་བྱེད་པར་ཀྲུང་གོའི་དམངས་འདོད་ཧ་མ་གོ་ན་འགྲིག་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有