ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་གྱིས་མི་རིགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

2019-09-30 18:43:00     责编:nake

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།) ཟླ9པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཟི་ལིང་གྲོང་ཁྱེར་གྱི་རྣམ་རྒྱལ་མགྲོན་ཁང་དུ་མཚོ་སྔོན་མི་རིགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། 

  ཚོགས་ཐོག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་མདུན་སྐྱོད་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དང་ཏང་ཙུའུ་ཚོགས་མི་དབྱང་ཧྥུན་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་རིམ་པའི་མགོ་ཁྲིད་ལིག་ཐུང་ཏི་དང་ཝང་ཞོན། རིན་ཆེན་རྒྱལ། ལིས་དབྱི་ལན། སངས་རྒྱས། མཱ་ཅིན་ཞའོ། ཧན་ཡུ་ཀའེ། ཡུས་མིན་ཀྲིན་བཅས་ཚོགས་འདུར་ཞུགས།

  མགོན་པོ་བཀྲ་ཤིས་ཀྱིས་རིམ་པ་སོ་སོའི་ལས་ཁུངས་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བྱ་བའི་མཛུབ་སྟོན་དུ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་མདུན་སྐྱོད་ཀྱི་ལས་དོན་གསར་སྐྲུན་བྱེད་པར་སྐུལ་འདེད་ཀྱིས་ལས་འགན་སོ་སོ་དངོས་འབེབས་དང་། གསར་སྐྲུན་མདུན་སྐྱོད། བྱ་བ་ནན་སྒྲུབ། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཅས་བྱེད་དགོས་ཞེས་གསུང་། 

  ཚོགས་ཐོག་ཏུ། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པར་མི་རིགས་སོ་སོའི་ཕན་ཚུན་ལག་རྡང་གཅིག་ལ་སྦྲེལ་ནས་ཐུན་མོང་གིས་ཧུར་ཐག་འབད་བརྩོན་བྱེད་དགོས་པ་ལས་གཞན། རིགས་སོ་སོའི་མི་དམངས་རྣམས་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་པོས་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་དམ་སྲུང་དང་གསར་གཏོད་མདུན་སྐྱོད་བྱས་ཏེ། མི་རིགས་མཐུན་སྒྲིལ་མདུན་སྐྱོད་ཀྱི་ལས་དོན་རྒྱ་ཆེར་སྤེལ་བར་སྐུལ་འདེད་བྱེད་པ། “ལོ་བརྒྱ་ཚན་གཉིས”ཀྱི་འབད་བརྩོན་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཐད་ལ་མུ་མཐུད་དུ་ཧུར་ཐག་བྱེད་དགོས་ཞེས་བསྟན།

 

中央广播电视总台 央广网 版权所有