ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཁབ་མང་པོ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣས་ཀྲུང་གོའི་གོང་འཕེལ་ལ་བསྔགས་བརྗོད་གནང་བ།

2019-09-30 09:58:09     责编:nake

  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་མཚམས་འདིར། རྒྱལ་ཁབ་མང་པོའི་སྲིད་དོན་མི་སྣ་དང་དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣས། ཀྲུང་གོས་ཡང་དག་པའི་གོང་འཕེལ་ལམ་བུའི་ཐོག་སྐྱོད་རྒྱུར་རྒྱུན་འཁྱོངས་དང་། འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གོང་འཕེལ་གྲུབ་འབྲས་ཐོབ་ཡོད་པས། ཁོང་ཚོས་དོན་དེར་རྟེན་འབྲེལ་ཞུས་ཡོད་པ་རེད།

  ན་མི་པི་ཡའི་ཙུང་ཐུང་ཀེན་ཀེ་པུས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོ་གསར་པར་ད་ཡོད་ཀྱི་གོང་འཕེལ་གྲུབ་འབྲས་ཐོབ་པ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་རྒྱུན་འཁྱོངས་བྱས་པ་རེད་ཅེས་བསྟན་ཡོད།

  ལྷོ་ཞི་བདེའི་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཝ་ནུ་ཨ་ཐུའི་ཙུང་ལི་ས་འར་ཝེ་ཡས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ངོ་༧༠འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་། ཁོང་གིས་ཀྲུང་གོས་རང་ངོས་གོང་འཕེལ་བཏང་བ་དང་ཆབས་ཅིག་ཏུ་རྒྱལ་ཁབ་ཁག་བར་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཡིད་རངས་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

  རྒྱལ་སྤྱིའི་མཚོ་དོན་སྒྲིག་འཛུགས་ཀྱི་དྲུང་ཆེ་ལིན་ཅི་ཙེས་ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་མྱོང་ཡོད་པ་དང་། ཁོང་སྐུ་ངོ་མས་ཀྲུང་གོའི་མཚོ་ཐོག་སྐྱེལ་འདྲེན་གྱི་གོང་འཕེལ་མྱུར་པོ་འགྲོ་བར་བདེན་དཔང་གནང་ཡོད། སྤྱི་ལོ་༢༠༡༧ལོའི་ལོ་མཇུག་བར་སླེབས་དུས། འཛམ་གླིང་ཧྲིལ་པོའི་གྲུ་ཁའི་དངོས་ཟོག་ཕར་སྐྱེལ་ཚུར་འདྲེན་བྱེད་ཚད་དང་དོས་སྒམ་གྱི་ཕར་སྐྱེལ་ཚུར་འདྲེན་བྱེད་ཚད་ཆེས་མང་བའི་གྲུ་ཁ་ཨང་བཅུའི་ནང་། ཀྲུང་གོའི་གྲུ་ཁ་བདུན་ཙམ་ཡོད་པ་རེད།

  

 

ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有