ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྟོན་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ་ས་གནས་ཁག་གིས་རྒྱལ་སྟོན་ལ་བསུ་བ་ཞུ་བའི་བྱེད་སྒོ་སྣ་མང་སྤེལ་བ།

2019-09-29 10:02:28     责编:nake

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྟོན་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ། ས་གནས་ཁག་གིས་རྒྱལ་སྟོན་ལ་བསུ་བ་ཞུ་བའི་བྱེད་སྒོ་སྣ་མང་སྤེལ་ཡོད་པ་རེད། སྲང་ལམ་ཆེ་ཆུང་ཚང་མར་རྒྱལ་དར་བཀལ་ཞིང་། ཚོན་མདངས་རྣམ་པར་བཀྲ་བ་དང་། གློག་འོད་ཁྲ་ཆིལ་གྱིས་མཚན་དགུང་འཕྲོ་བར་བྱས་ནས། མེས་རྒྱལ་མ་ཡུལ་ལ་ལྷག་བསམ་ཟོལ་མེད་པའི་སྨོན་འདུན་ཞུས་ཡོད་པ་རེད།

  ང་དང་ངའི་མེས་རྒྱལ་ཞེས་པས་བརྗོད་བྱ་གཙོ་བོ་བྱེད་པའི་མང་ཚོགས་ཀྱི་རིག་གནས་དགོང་ཚོགས་སྤྱི་ཚེས་28ཉིན་གྱི་དགོང་མོ་ཀོང་ཀྲའུ་རུ་འཚོགས་ཡོད། ཡོས་ཀང་ཨའོ་ས་གནས་གསུམ་གྱི་གྲགས་ཅན་སྒྱུ་རྩལ་མཁས་པས་མཉམ་དུ་གླུ་གཞས་དང་། ཞབས་བྲོ། ཟློས་གར་སོགས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མེས་རྒྱལ་ལ་སྨོན་འདུན་ཞུ་ལུགས་མཚོན་པར་བྱས་ཡོད།

  སྤྱི་ཚེས་28ཉིན་གྱི་དགོང་མོ། ངའི་མེས་རྒྱལ་ཞེས་པའི་ཆེད་གཉེར་རོལ་དབྱང་དགོང་ཚོགས་ཤིག་ཧྲེན་ཀྲེན་རོལ་དབྱངས་ཚོམས་ཆེན་དུ་གཉེར་ཡོད། ཤང་ཀང་དང་ཨོ་མན་གྱི་འཐུས་མི་དང་། ཚན་རྩལ་ལས་དོན་པ་སོགས་ཚུད་པའི་ལས་རིགས་ཁག་གི་མི་སྣ་2000ཙམ་གྱིས་འཁྲབ་སྟོན་ལ་བལྟས་ཡོད་པ་དང་། རོལ་དབྱངས་དགོང་ཚོགས་ཀྱི་མཇུག་ཏུ། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་འཁྲབ་སྟོན་མི་སྣས་མཉམ་དུ་མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་གླུ་གཞས་མཉམ་གཏོང་བྱས་ཡོད་པ་རེད།

  པེ་ཅིང་ཀྲུང་ཀོན་ཚུན་གྱི་སྲང་ལམ་རྒྱུད་དུ་ལྒང་བཞུ་དམར་པོ་སྟར་སྒྲིག་ཏུ་སྤར་ཡོད་པ་དང་། དེ་གར་འོད་མདངས་བཀྲ་བའི་ལྒང་བཞུའི་ཆུ་རྒྱུན་ཞིག་ཆགས་ཡོད།

  ཁྲེང་ཏུའུ་རུ། སི་ཁྲོན་ཟློས་གར་ཁང་ཆེན་གྱི་ཕྱིའི་གྱང་ངོས་སུ་གློག་འོད་འདྲ་མིན་སྣ་ཚོགས་འཕྲོ་བས། གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

  ཧར་པིན་གྲོང་ཁྱེར་གྱི་སྲང་ལམ་94ཡིས་སྔ་ཕྱིར་སྐར་ལྔའི་དར་དམར་བཀལ་བ་དང་། གང་ས་གང་དུ་གྲོང་མིས་སྲང་ལམ་དུ་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་དང་དྲན་རྟེན་འདྲ་པར་ལེན་པ་མཐོང་ཐུབ་ཀྱི་ཡོད།

  ཅང་སུའུ་ཧོའེ་ཨན་གྱི་ཀྲའུ་ཨེན་ལེའི་དྲན་གསོ་ཁང་དུ། ཧོའེ་ཨན་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པས་མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་ལག་བརྡ་མྱུར་བརྗེའི་བྱེད་སྒོ་སྤེལ་ཡོད་པ་རེད།

 

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有