ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མི་དམངས་ཉིན་རེའི་ཚགས་པར་ཐོག་རིན་ཀྲུང་ཕིང་གི་རྩོམ་ཡིག་འགོད་སྤེལ་བྱས་པ།

2019-09-30 09:54:49     责编:nake

  སྤྱི་ཟླ་༩པའི་ཚེས་༢༩ཉིན་པར་བསྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་རིན་ཀྲུང་ཕིང་གི་རྩོམ་ཡིག་འགོ་བརྗོད་དུ་༼འབད་བརྩོན་ལ་བརྟེན་ནས་འཇིག་རྟེན་གྱི་ངོ་མཚར་གཏོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་ཆེད་དུ་བྲིས་པ་༽ཞེས་པའི་སྟོད་ཆ་འགོད་སྤེལ་བྱས་ཡོད།

  རྩོམ་ཡིག་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་གཏོད་ཡོད། ང་ཚོས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་གོང་འཕེལ་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། དེ་ནི་ཀྲུང་གོས་ངོ་མཚར་གཏོད་ཐུབ་པའི་ནང་ངོས་རྒྱུ་རྐྱེན་ཡིན་ཞེས་འཁོད་པ་དང་།

  རྩོམ་ཡིག་ནང་། མ་ཁེ་སི་རིང་ལུགས་ལ་དད་མོས་སྐྱེས་པ་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ལ་དད་མོས་སྐྱེས་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དད་མོས་སྐྱེས་པའི་སྟབས། ང་ཚོས་གནམ་ས་འགུལ་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་བརྩམས་པ་དང་། ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་འཇིག་རྟེན་གྱི་ངོ་མཚར་བྱས་རྗེས་གཏོད་ཡོད། མ་འོངས་པར་འཛམ་གླིང་སྐྱེ་བ་ཀུན་ནས་ཧང་སངས་དགོས་པའི་ངོ་མཚར་དེ་བས་ཆེ་བ་གཏོད་ཐུབ་ངེས་ཡིན་ཞེས་ནན་བཤད་བྱས་ཡོད།

 

 ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有