ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་ཐུང་ངུ་༼རླབས་ཆེན་ནི་སྤྱིར་བཏང་ཁྲོད་ནས་བྱུང་བ་དང་། སྤྱིར་བཏང་ཐོག་ནས་རླབས་ཆེན་གཏོད་༽ཞེས་པ་སྤེལ་བ།

2019-09-30 10:24:19     责编:nake

  དཔྱད་གཏམ་ཐུང་ངུའི་ནང་། སྤྱི་ཟླ་༩པའི་ཚེས་༢༩ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལ་བྱས་རྗེས་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ང་ཚོས་ཚད་གཞི་མཐོ་ཤོས་ཐོག་ནས་དཔའ་བོ་དཔེ་བཟང་ལ་གཟེངས་བསྟོད་བྱེད་པ་ནི། ཁོང་རྣམས་ཀྱི་ལུས་ཐོག་ནས་མངོན་པའི་ལྷག་བསམ་དང་། སྙིང་རུས། བབ་ཆགས་པ་བཅས་ཀྱི་བླ་ན་མེད་པའི་སྤྱོད་བཟང་དར་སྤེལ་གཏོང་ཆེད་ཡིན་ཞེས་ནན་གསུངས་གནང་ཡོད་ཅེས་འཁོད་པ་དང་།

  རླབས་ཆེན་ནི་སྤྱིར་བཏང་ཁྲོད་ནས་བྱུང་བ་དང་། སྤྱིར་བཏང་ཐོག་ནས་རླབས་ཆེན་བསྐྲུན་པ་སྟེ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་དགའ་ཐོབ་མཁན་ རྒྱལ་ཁབ་ཀྱི་དཔའ་བོ་ཚང་མ་ནི། རང་གི་སྤྱིར་བཏང་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་མཁན་ཤ་སྟག་ཡིན་ཞིང་། ཁོང་རྣམས་ཀྱི་མཛད་རྗེས་དང་ལེགས་སྐྱེས་ནི་ཇི་སྲིད་བར་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་རེད་ཅེས་བསྟན་ཡོད་པ་རེད།

 

  ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有