ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆེའུ་སྤོ་ལོའི་རུ་ཁག་ལ་འགྲན་བསྡུར་ཁྲོད་བསྟུད་མར་ཐེངས་བཅུ་རྒྱལ་ཁ་ཐོབ་སྟེ། བུད་མེད་ཀྱི་ཕའེ་ཆེའུ་སྤོ་ལོའི་འཛམ་གླིང་བུམ་པའི་ཨང་དང་པོ་སྔ་སྣུར་དུ་ལེན་པ།

2019-09-29 09:52:50     责编:nake

  སྤྱི་ཚེས་༢༨ཉིན་གྱི་ཕྱི་དྲོ་གཉེར་བའི་༢༠༡༩ལོའི་བུད་མེད་ཀྱི་ཕའེ་ཆེའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད། ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆེའུ་སྤོ་ལོའི་རུ་ཁག་གིས་༣བསྡུར་༠གྱི་བསྡུར་གྲངས་ཐོག་ནས་སེར་ཝེ་ཡའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་བསྟུད་མར་ཐེངས་བཅུ་རྒྱལ་ཁ་ཐོབ་པ་མ་ཚད། བུད་མེད་ཀྱི་ཕའེ་ཆེའུ་སྤོ་ལོའི་འཛམ་གླིང་བུམ་པའི་ཨང་དང་པོ་སྔ་སྣུར་དུ་ལེན་ཡོད།

  འགྲན་བསྡུར་རྗེས། རྩལ་འཁྲིད་པ་ལེའང་ཕིང་གིས། ཐོ་ཁེའུ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་རྒྱུ་ཀྲུང་གོའི་བུད་མེད་ཕའེ་ཆེའུ་སྤོ་ལོའི་རུ་ཁག་གི་དམིགས་འབེན་གསར་པ་ཡིན་པས། ལྷོད་གཡེང་རྩ་བ་ནས་གཏོང་མི་རུང་ཞེས་གསུངས་ཡོད།

 ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有