ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཡིས་ཨུ་རུ་སུར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།

2019-09-29 10:03:58     责编:nake

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་ཁབ་ཀྱི་གྲོས་ཚོགས་སྨད་པའི་ཀྲུའུ་ཞི་ཨོ་ལོ་ཅིན་གྱི་གདན་ཞུས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་25ཉིན་ནས་28ཉིན་བར་ཨུ་རུ་སུར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ་དང་། མོ་སི་ཁོར་ཙུང་ཐུང་ཕུའུ་ཅིང་དང་མཇོལ་མོལ་གནང་ཡོད། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐེ་ཝེ་ཡན་ཁོ་དང་ཨོ་ལོ་ཅིན་དང་ཁག་སོ་སོར་གྲོས་མོལ་གནང་བ་མ་ཟད། ཀྲུང་ཨུའི་གྲོས་ཚོགས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་རྒྱུ་ཡིན་པ་རེད། ཨུ་རུ་སུའི་ཕྱོགས་ཀྱི་འགོ་ཁྲིད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤེས་བདེ་ལེགས་ཞུས་གནང་ཡོད། ལི་ཀྲན་ཧྲུའུ་ཡིས་དེའི་ཐད་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཕྱོགས་གཉིས་པོས་ད་དུང་ཀྲུང་ཨུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

  ཕུའུ་ཅིང་དང་མཇལ་འཕྲད་གནང་སྐབས། ལི་ཀྲན་ཧྲུའུ་ཡིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་ནས་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཡོད། ལི་ཀྲན་ཧྲུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་ཀྱི་འཐབ་ཇུས་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་ཨུའི་འབྲེལ་བ་སྔ་ན་མེད་པའི་མཐོ་ཚད་ཐོག་སླེབས་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་གོ་དང་ཨུ་རུ་སུས་ཕན་ཚུན་རྒྱབ་སྐྱོར་བྱ་ཤུགས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཆབ་སྲིད་ཚད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཐུན་སྦྱོར་བྱ་རྒྱུ་དེ་མཐོ་ཚད་གསར་པའི་ཐོག་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ཆུ་ཚད་གསར་པའི་ཐོག་སྐུལ་འདེད་གཏོང་བ། ཀྲུང་ཨུའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བསྟན་གནང་ཡོད། ཕུའུ་ཅིང་གིས་ལི་ཀྲན་ཧྲུའུ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་གནང་བ་དང་། ཁོང་གིས། ཨུ་ཀྲུང་འབྲེལ་བ་ནི་མིག་སྔའི་འཛམ་གླིང་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་ཡིན། ཨུ་ཀྲུང་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ཞིང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་སྔར་ནས་གཏན་འཁེལ་ཟིན་པའི་ཕྱོགས་སུ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ད་ཡོད་ཀྱི་རྨང་གཞིའི་སྟེང་ཁྱོན་ཡོངས་མཉམ་ལས་ཟབ་ཏུ་གཏོང་དགོས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

  མ་ཐེ་ཝེ་ཡན་ཁོ་དང་ཨོ་ལོ་ཅིན་དང་ཁག་སོ་སོར་མཇལ་མོལ་གནང་སྐབས། ལི་ཀྲན་ཧྲུའུ་ཡིས། ཁྲིམས་འཛུགས་ལས་ཁུངས་མཉམ་ལས་ཀྱི་ལས་འགན་ཨང་དང་པོ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་དགོས་པ་དང་། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ཏེ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ནུས་ལྡན་ངང་ཁ་གཏད་གཅོག་དགོས། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་ཐུབ་རྒྱུར་སྐུལ་དེད་གཏོང་དགོས་པ་དང་། གྲངས་གཞིའི་དཔལ་འབྱོར་དང་མི་ཐབས་རིག་ནུས། མཁའ་སྐྱོད་མཁའ་འགྲུལ་སོགས་ཚན་རྩལ་གསར་གཏོད་དང་མཐོ་གསར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ས་གནས་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ཀྲུང་ཨུའིུ་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་པ་དང་། ཁོང་གིས། ཀྲུང་གོའི་གོང་འཕེལ་གྱིས་འཛམ་གླིང་ལ། རྒྱལ་ཁབ་གཅིག་གིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་གཞིར་བཟུང་དོན་དངོས་དང་མཐུན་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་ར་སྤྲོད་བྱས་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་པོའི་ཡུན་རིང་མཛའ་གྲོགས་མཉམ་ལས་ལ་འགྱུར་བ་ཡོང་མི་སྲིད་ཅེས་བསྟན་ཡོད་པ་རེད། ཨོ་ལོ་ཅིན་གྱིས། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ད་ཡོད་ཀྱི་མཉམ་ལས་སྒྲིག་གཞི་བེད་སྤྱོད་ཡག་པོ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་ནས་ཐེ་ཇུས་བྱེད་པར་ཐུན་མོང་ཐོག་བཀག་འགོག་དང་། ཐུན་མོང་ཐོག་གཞུང་དྲང་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

  ལི་ཀྲན་ཧྲུའུ་དང་ཨོ་ལོ་ཅིན་གཉིས་ཐུན་མོང་ཐོག་ཀྲུང་ཨུའི་གྲོས་ཚོགས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་བཞུགས་གནང་ཡོད། ལི་ཀྲན་ཧྲུའུ་ཡིས་ཤིས་ཚིག་གསུང་སྐབས། ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་ཕུལ་བར་གདེང་འཇོག་གང་ལེགས་གནང་ཡོད། ཕྱོགས་གཉིས་པོས་གྲོས་ཚགས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་ཨུའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།

  མོ་སི་ཁོར་འཚམས་འདྲི་གནང་རིང་། ལི་ཀྲན་ཧྲུའུ་ཡིས་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་ཕྲེང་བ་ཕུལ་གནང་བ་དང་། ཀྲུང་གོའི་ལྕགས་ལམ་ཀུང་སིས་མོ་སི་ཁོའི་ས་འོག་ལྕགས་ལམ་སྐྲུན་པའི་རྣམ་གྲངས་ལ་རྟོག་ཞིབ་གནང་ཡོད། ཁ་ཧྲན་དུ་འཚམས་འདྲི་གནང་རིང་། ལི་ཀྲན་ཧྲུའུ་ཡིས་ཏ་ལན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མིང་ཉི་ཧ་སྣོ་ཧྥུ་དང་མཇལ་འཕྲད་གནང་ནས། ས་གནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་བ་མ་ཟད། ཁ་ཧྲན་ཐད་འཕུར་གནམ་གྲུའི་བཟོ་གྲྭ་དང་ཁ་ཧྲན་རྒྱལ་ཕྲན་མཉམ་འབྲེལ་སློབ་གྲྭ་ཆེན་མོར་རྟོག་ཞིབ་གནང་ཡོད་པ་རེད།

  ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有