ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དེ་སྔའི་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཡུན་ནན་ཞིང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཆིན་ཀོང་རུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་གྱོད་དོན་ཐོ་འགོད་བྱས་ནས་འདྲི་གཅོད་བརྟག་དཔྱད་བྱས་པ།

2019-09-27 15:51:00     来源:     责编:sangjzm

ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དེ་སྔའི་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཡུན་ནན་ཞིང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཆིན་ཀོང་རུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་གྱོད་དོན་ཐོ་འགོད་བྱས་ནས་འདྲི་གཅོད་བརྟག་དཔྱད་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དེ་སྔའི་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཡུན་ནན་ཞིང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཆིན་ཀོང་རུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་གྱོད་དོན་ཐོ་འགོད་བྱས་ནས་འདྲི་གཅོད་བརྟག་དཔྱད་བྱས་ཡོད་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཆིན་ཀོང་རུང་གི་ཕུགས་བསམ་འདུ་ཤེས་སྟོང་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་རྒྱབ་འགལ་བྱས་པ། ཏང་གཤིས་རྩ་དོན་མེད་པ། ཏང་ལ་བློ་མི་དཀར་བ་དང་གཞུང་མི་དྲང་བ། མགོ་གཉིས་མ་བྱས་པ། ཡོངས་བསྒྲགས་ཐོག་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་དང་རྒྱབ་འགལ་བྱེད་པའི་གཏམ་བརྗོད་སྤེལ་བ། འགན་འཁྲི་གཙོ་བོ་འཁུར་སྐབས་འགལ་འཛོལ་ཤོར་བ། སྒེར་གྱི་དོན་དུ་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཐེ་ཇུས་བྱས་པ། ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་གཏོར་བཤིག་ཚབས་ཆེན་བཏང་བ། མི་བེད་སྤྱོད་བྱེད་པའི་ཁྲིད་ཕྱོགས་འཁྱོག་པོར་བཏང་བ། རྨོངས་དད་བྱེད་སྒོ་ཤུགས་ཆེན་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རྒྱབ་འགལ་བྱས་ཏེ། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་དུ་འགྲོ་བ། སྒེར་གཉེར་ཁེ་ལས་བདག་པོས་བཀོད་སྒྲིག་བྱས་པའི་གུང་གསེང་ཡུལ་སྐོར་དང་ལེན་བྱས་པ། སྒྲིག་འཛུགས་ཀྱིས་ཡིག་ཐོག་འདྲི་རྩད་བྱེད་སྐབས་དོན་དངོས་ལྟར་གནད་དོན་གསལ་བཤད་མ་བྱས་པ། གཏན་འབེབས་ལྟར་མི་སྒེར་གྱི་འབྲེལ་ཡོད་བྱ་དོན་གོང་ཞུ་མ་བྱས་པ། འཛེམ་བག་མེད་པར་ལག་བཏགས་དང་འབུལ་རྟེན་དངུལ་བླངས་པ། སྒྲིག་སྲོལ་ལས་འགལ་ཏེ་གཏེར་ཐོན་ཐོན་ཁུངས་ནང་བཤུག་བྱ་རྒྱུར་ཐེ་ཇུས་བྱས་པ། དམིགས་བསལ་དབང་ཆའི་བསམ་བློ་ཚབས་ཆེ་བ། མི་སྒེར་གྱི་ཁེ་གྲགས་དང་དངོས་པོའི་ལོངས་སྤྱོད་དོན་དུ་གཉེར་བ། བག་མེད་ལོངས་སྤྱོད་ལ་རྔམ་པ། འཚོ་བ་ཁོག་རུལ་ངལ་འགྱུར་ཡིན་པ། ཁྱིམ་སྲོལ་ཉམས་སུ་བཅུག་པ། བཟའ་ཟླ་དང་བུ་ཕྲུག་ལ་དོ་དམ་དང་སློབ་གསོ་མི་གཏོང་བ། གཉེན་ཉེས་རང་གི་འགན་གནས་ཤུགས་རྐྱེན་བེད་སྤྱད་ནས་སྒེར་ཕན་རགས་ཐབས་བྱེད་པ་རྒྱ་ཡན་དུ་བཏང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་མེད་པ། ཁྲིམས་འགལ་སྒེར་གཉེར་ཁེ་ལས་བདག་པོ་དང་ངན་པ་ཁ་མཐུན་བྱས་པ། འཛེམ་བག་མེད་པར་རྒྱུ་ནོར་བསྡུ་ལེན་བྱས་པ། དབང་ཆ་དང་དངུལ་གྱི་ཉོ་ཚོང་བྱས་པ། འགན་གནས་སྤོར་རྒྱུ་དང་ཁེ་ལས་ལས་གཉེར་སོགས་ཀྱི་ཐད་རང་དང་ངན་འབྲེལ་ཡོད་པའི་མི་ལ་ཁེ་ཕན་རགས་ཐབས་བྱས་པ་མ་ཟད་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་སོགས་བྱས་པས། ལས་འགན་འཁུར་སའི་ས་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་བཏང་བ་དང་། ཏང་གི་བྱ་གཞག་དང་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་རེད།

ཆིན་ཀོང་རུང་གིས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་། རྩ་འཛུགས་སྒྲིག་ལམ། སྤྱོད་གཙང་སྒྲིག་ལམ། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལས་ཚབས་ཆེན་འགལ་བ་དང་། འགན་ནུས་ཁྲིམས་འགལ་དང་ལྐོག་རྔན་བླངས་པའི་ཉེས་བསགས་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སྐུམ་འཐེན་དང་མཚམས་འཇོག་བྱས་མེད་པས། ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པས། ཐག་གཅོད་ནན་པོ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་ཅེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ཞེས་པ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ནས་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ནས་ཆོག་མཆན་སྤྲོད་རྒྱུར་ཕུལ་བ་བརྒྱུད། ཆིན་ཀོང་རུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་བཅད་པ་དང་། གཏན་འབེབས་ལྟར་ལོངས་སུ་སྤྱོད་པའི་ཐོབ་ཐང་ཁག་མེད་པ་བཟོས་པ། སྒྲིག་འགལ་ཁྲིམས་འགལ་ངང་ཐོབ་པ་ཚང་མ་གཞུང་བཞེས་བཏང་བ། ཉེས་བསགས་དོགས་ཡོད་ཀྱི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་སྐྱེལ་ནས་ཁྲིམས་ལྟར་འདྲི་རྩད་བྱས་ནས་གོང་གཏུག་བྱ་རྒྱུ་དང་། འབྲེལ་ཡོད་རྒྱུ་དངོས་ཚང་མ་གྱོད་གཞི་དང་བསྟུན་ནས་སྤོ་སྐྱེལ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有