ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཛོད་དགེ་རྫོང་གི་འཕོ་འགྱུར་དང་ལོ་ངོ་བདུན་ཅུ།

2019-09-26 10:26:08     来源:     责编:nake

  མཛོད་དགེའི་རྫོང་མཁར།

  སྔོན་ཆད་ཀྱི་མཛོད་དགེའི་ཟུར་ཅིག

  ཀྲུང་གོ་གསར་བ་དབུ་བཪྙེས་མ་ཐག་མཛོད་དགེ་རྫོང་མཁར་གྱི་ཁྲོམ་ལམ་དོག་པ་དང་ཁང་པ་ཐོག་བརྩེགས་ཅན་གཅིག་ཀྱང་མེད། ད་ལྟ་མཛོད་དགེ་རྫོང་མཁར་དུ་ཐོག་བརྩེགས་ཁང་ཆེན་སྟར་དུ་ཆགས་པ་དང་། གྲོང་ཁྱེར་གྱི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་སོགས་ཀྱིས་ས་ཆ་དེའི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་མངོན་འདུག

  ལོ་ངོ་70ཡི་རིང་། མཛོད་དགེའི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན། སྡོད་ཁང་དང་སློབ་གསོ། སྨན་བཅོས། འཕྲོད་བསྟེན་སོགས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པས་ས་གཞི་དེ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར། ད་ལྟ། མཛོད་དགེའི་ཡུལ་གྲོང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཁྱིམ་རེ་རེ་གཙང་ཞིང་གྲལ་འགྲིག་པ་དང་། གཞུང་ལམ་རེ་རེ་བཞིན་དུད་ཚང་རེ་རེར་ཤར་གཏོང་ཐུབ་པ། ཁྱིམ་མཚེས་བར་ཕན་ཚུན་རོགས་རམ་དང་འཆམ་མཐུན་ཡིན་པ། གྲོང་དམངས་ཀྱི་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་སོང་ནས་བདེ་སྐྱིད་ཀྱི་སྟོན་གྲངས་རིམ་བཞིན་འཕར་འདུག

  ཉི་ནུས་ཐབ་ཀ

  སྔོན་ཆད་ཀྱི་འཚོ་བའི་སྒྲིག་བཀོད།

  ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མགྲོན་ཁང་།

  དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་རོང་འབྲོག་དམངས་ཀྱི་ཁང་བ།

  སློབ་གསོ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད་པ་དང་། ཀྲུང་གོ་གསར་བ་དབུ་བཪྙེས་མ་ཐག་ཏུ་ཡིག་རྨོངས་སེལ་བའི་སློབ་གསོ་ནས་བཟུང་། 1977ལོ་མཐོ་རྒྱུགས་ལམ་ལུགས་སླར་གསོ་བྱེད་པའི་བར་དང་། དེ་ནས་ལོ་རབས90པར་རྩིས་འཁོར་སློབ་ཚན་ནང་ཞུགས་པ་དང་། དེ་ནས་མིག་སྔར་གྱི་དྲ་སྦྲེལ་དང་རིག་ནུས་སློབ་གསོའི་རྣམ་པ་ཁྱབ་གདལ་གཏོང་བ་བཅས་ཀྱིས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་བ་ཐོན་བཞིན་ཡོད། ཉེ་བའི་ལོ་གསུམ་རིང་། རྫོང་ཡོངས་ཀྱིས་ཁྱོན་རིགས་སོ་སོའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་4.43བཏང་བ་དང་། རིམ་པ་ཁག་གི་ནོར་སྲིད་སྔོན་རྩིས་ཀྱི་མ་དངུལ་སྒོར་དུང་ཕྱུར་7.29བཏང་ནས་ཕྱོགས་ཡོངས་ནས་བོད་ཡིག་སློབ་འབྲིང་སོགས་ཀྱི་སློབ་གྲྭ་འབྲིང་ཆུང་29ཡི་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ཉལ་ཁང་། ཚོད་ལྟའི་ཐོག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་སུ་བཏང་བ་དང་། མ་དངུལ་སྒོར་ཁྲི་3377བཏང་ནས་རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་སྤུས་ལེགས་སློབ་ཁྲིད་སྒྲིག་ཆས་སྣ་ཚོགས་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར། ས་ཁོངས་ནས་ས་ཁོངས་བར། སློབ་གྲྭ་ནས་སློབ་གྲྭའི་བར་བཅས་ཀྱི་སློབ་གཉེར་ཆ་རྐྱེན་གྱི་ཁྱབ་པར་རིམ་བཞིན་ཆུང་དུ་ཕྱིན་ནས་ལོ་དགུའི་འོས་འགན་སློབ་གསོ་བྱས་ཚད་བརྒྱ་ཆ94.3ཟིན་ཡོད།

  སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་བཏང་ནས་ཡུལ་དེའི་མང་ཚོགས་ལ་བདེ་ཐང་གནང་། 2018ལོར་མ་དངུལ་སྒོར་ཁྲི་2737བཏང་ནས་རྫོང་གི་ཐུམ་འབུའི་ནད་སྔོན་འགོག་ཚོད་ལྟའི་ཁང་དང་། བུད་མེད་དང་ཕྲུག་གུ་བདེ་སྲུང་ཁང་གི་ཕྱོགས་བསྡུས་ཐོག་ཁང་། རྫོང་ལུས་གསོའི་སྨན་བཅོས་ལྟེ་གནས་བཅས་བསྐྲུན། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་བཏང་ནས། ནད་པ་མི་ཐེངས9212ལ་རིན་མེད་སྨན་བཅོས་བྱས་པ་དང་། ཐུམ་འབུའི་ནད་དང་འདུས་འདྲིལ་གཅོང་ནད་སྨན་བཅོས་བྱས་ཚད་མི་ཐེངས་ཁྲི2.2ཟིན་ཡོད།

  ལོ་ངོ་70ཡི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་དང་། ལོ་ངོ་70ཡི་རིང་འབད་འཐབ་བྱས་ནས། ལོ་ངོ་70རིང་མཛེས་སྡུག་ལྡན་པའི་འགྱུར་ལྡོག་བྱུང་ཡོད། ལོ་རྒྱུས་ཀྱི་མགོ་ཚུགས་ས་་གསར་བ་ནས་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་བའི་མཛོད་དགེ་ཞིག་གིས་སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ཡིད་ཆེས་ལ་བརྟེན་ནས་དུས་བསྟུན་མདུན་སྐྱོད་ཀྱིས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་བ་བརྩམས་བྱུང་།

  ཡངས་ཤིང་རྒྱ་ཆེ་བའི་རྫོང་མཁར་གྱི་གཞུང་ལམ།

  སྔོན་ཆད་ཀྱི་རྒྱལ་ལམ་213གྱི་མཛོད་དགེའི་གཞུང་ལམ།

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有