ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་འདུ།

2019-09-26 10:27:57     来源:     责编:nake

  ཟླ་9ཚེས་21ཉིན་གྱི་སྔ་དྲོར། སྐབས་གསུམ་པའི་ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་འདུའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་འགྲེམས་སྟོན་དང་རྒྱལ་སྤྱིའི་མ་འཇོག་ཚོགས་ཆེན་རྔ་བ་ཁུལ་གྱི་འགྲེམས་སྟོན་ཁང་དུ་ལྗོངས་སྐོར་བ་ཚོས་རྔ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཤ་སྐམ་དང་བོད་ཕག རྒུན་ཆུང་། གཡེར་མ་སོགས་མྱོང་རོལ་བྱེད་བཞིན་འདུག

  ལྗང་མདོག་གི་ཁྱད་ལྡན་ཐོན་རྫས་དང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་ལ་ལྗོངས་སྐོར་བ་ཚོས་དགའ་བསུ་ཆེན་པོ་ཐོབ་ཅིང་། རྔ་བ་ཁུལ་གྱི་འགྲེམས་ཁང་སྐྱེ་ཁམས་ཀྱི་རྔ་ཁུལ་དང་འཕེལ་རྒྱས་ཀྱི་རྔ་ཁུལ། དམངས་འཚོའི་རྔ་ཁུལ། འཆམ་མཐུན་གྱི་རྔ་ཁུལ། འབད་འབུངས་ཀྱི་རྔ་ཁུལ། མི་རིགས་གླུ་གར་འཁྲབ་སྟོན་བཅས་འགྲེམས་སྟོན་ཁུལ་ཆེན་པོ་དྲུག་ལ་དབྱེ་ཡོད། གཙོ་བོ་པར་རིས་དང་འགྲེམས་སྟོན། ཡུལ་དངོས་སུ་འཁྲབ་སྟོན་བཅས་གཙོ་བོར་བྱས་ཤིང་། གསལ་བཤད་མདོར་བསྡུས་དང་ཡུལ་དངོས་སུ་གསལ་འགྲེལ་བྱས་ནས་རང་ཁུལ་གྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གྲུབ་འབྲས་དང་སྤུས་ལེགས་ཀྱི་ཐོན་ཁུངས། འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་མདུན་ལྗོངས་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་འོས་སྦྱོར་བྱས།

  རྒྱུས་ལོན་པ་ལྟར་ན། འགྲེམས་ཁང་གི་ཐོན་རྫས་གཙོ་བོ་ནི་ཞིང་ལས་ཐོན་རྫས་དང་འབྲོག་ལས་ཐོན་རྫས། ནགས་ལས་ཐོན་རྫས། ཀྲུང་ལུགས་སྨན་རྫས། མི་རིགས་བཟོ་རྩལ། དེ་བཞིན་ཨ་རག་གི་རིགས་དང་བཏུང་བྱའི་རིགས་བཅས་རིགས་6དང་ཁེ་ལས་87གྱི་ཐོན་རྫས་220ལྷག་ཡིན་ཅིང་། ཐོན་རྫས་དེ་དག་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་ཕན་འབྲས་དང་དབུལ་སྐྱོར་གནད་འཁེལ། དབུལ་བྲལ་གནད་སྒྲོལ་བཅས་ཀྱི་འཕེལ་རྒྱས་ཀྱི་ཕན་འབྲས་དང་གྲུབ་འབྲས་མངོན་ཡོད།

  ཐེངས་འདིའི་ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་འདུའི་རྔ་ཁུལ་འགྲེམས་ཚོགས་ཀྱིས་དོམ་ཁྲའི་ཁྱིམ་གཞིས་དང་དག་ཞིང་གི་རྔ་ཁུལ་བརྗོད་དོན་གཙོ་བོར་བྱས་ཤིང་། རྔ་ཁུལ་གྱི་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་འགྲིམ་འགྲུལ་སྟབས་བདེ་བའི་ལེགས་ཆ། འདང་ངེས་ཀྱི་རྒྱུ་རྐྱེན་འགན་ལེན། མ་འཇོག་ཁོར་ཡུག་ལེགས་པ་བཅས་དྲིལ་བསྒྲགས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཁོངས་ཡོངས་ལྗོངས་སྐོར་དང་སྐྱེ་ཁམས་ཞིང་ལས། ལྗང་མདོག་བཟོ་ལས། མི་རིགས་རིག་གནས། དཔལ་འབྱོར་བཅས་ལྗང་མདོག་ཐོན་ལས་མ་ལག་ཆེ་གྲས་ལྔ་དང་། དེ་བཞིན་མཛེས་ལྡན་གྱི་སྐྱེ་ཁམས་དང་བདེ་སྐྱིད་ཀྱི་འཚོ་བ། འབྱོར་འབྲིང་གི་སྤྱི་ཚོགས་བཅས་ཀྱི་རྔ་ཁུལ་གསར་བ་གཙོ་གནད་ཀྱིས་འགྲེམས་སྟོན་བྱས་སོ། །

  ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་ཐོག་ཏུ་རང་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་573.97བཞག

  ཟླ་9ཚེས་19ཉིན། གསར་འགོད་པས་སྐབས་གསུམ་པའི་ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་འདུའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་འགྲེམས་སྟོན་དང་རྒྱལ་སྤྱིའི་མ་འཇོག་ཚོགས་ཆེན་ཐོག་མ་འཇོག་མཉམ་ལས་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གན་འཇོག་མཛད་སྒོའི་ཐོག་ཏུ་རྒྱུས་ལོན་པ་ལྟར་ན། རང་ཁུལ་གྱིས་ཡུལ་དངོས་སུ་མ་འཇོག་མཉམ་ལས་ཀྱི་གྲོས་མཐུན་རྣམ་གྲངས་27བཞག་ཅིང་། མ་འཇོག་དངུལ་སྒོར་དུང་ཕྱུར་573.97ཟིན་ཡོད།

  རྒྱུས་ལོན་པ་ལྟར་ན། གྲོས་མཐུན་བཞག་པའི་རྣམ་གྲངས་27གྱི་ཁྲོད། ཐོན་ལས་དང་པོའི་རྣམ་གྲངས་1དང་གྲོས་མཐུན་མ་དངུལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.45ཟིན་པ་དང་། ཐོན་ལས་གཉིས་པའི་རྣམ་གྲངས་13དང་གྲོས་མཐུན་མ་དངུལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་543.92ཟིན་ལ། ཐོན་ལས་གསུམ་པའི་རྣམ་གྲངས་13དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་29.6ཟིན། དེ་དང་ཆབས་ཅིག་གན་འཇོག་མཛད་སྒོའི་ཐོག་འཛམ་ཐང་རྫོང་དང་སི་ཁྲོན་ཆའོ་ལེན་ཞི་ཝང་ནུས་རྒྱུ་གསར་པའི་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་ལས་གྲོས་མཐུན་བཞག་ཅིང་མ་དངུལ་སྒོར་དུང་ཕྱུར་2ཟིན་ཡོད།

  ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཁོངས་ཡོངས་ལྗོངས་སྐོར་དང་སྐྱེ་ཁམས་ཞིང་ལས། ལྗང་མདོག་བཟོ་ལས། མི་རིགས་རིག་གནས། དཔལ་འབྱོར་བཅས་འགག་སྒྲོལ་གྱི་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ཐོན་ལས་ཕྱོགས་སྒྱུར་དང་སྒུལ་ནུས་འཕོ་འགྱུར་གྱི་དུས་མཚུངས་སུ་ཚོང་ལས་ཀྱི་གོ་སྐབས་ཀྱང་ཆེན་པོ་བཏོད་ཡོད། ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་ཐོག་ཏུ་རང་ཁུལ་གྱིས་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་པ་དང་སྤུས་ལེགས་ཀྱི་རྣམ་གྲངས་འོས་སྦྱོར་བྱེད་པའི་དུས་མཚུངས་སུ། ད་དུང་ཁུག་དམར་གཉིས་སྤྲད་པ་སྟེ། གཅིག་ནི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་ཡིན། ད་སྐབས། འབྲི་ཆུའི་དཔལ་འབྱོར་ཁུལ་དང་རེས་སྐོར་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་མོ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་བྲལ་གནད་སྒྲོལ། མི་རིགས་ས་ཁུལ་དང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་འཐབ་ཇུས་རྔ་ཁུལ་དུ་གཅིག་སྡུད་བྱས་ཤིང་། རྒྱལ་ཁབ་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པའི་དུས་མཚུངས་སུ་རང་ཁུལ་གྱིས་ནོར་སྲིད་ཀྱི་རོགས་སྐྱོར་སྲིད་ཇུས་དང་གཟིགས་སྐྱོང་གི་ཞིང་ས་མཁོ་འདོན་གྱི་སྲིད་ཇུས། མངའ་ཁོངས་སུ་ཡོད་པའི་གློག་ཤུགས་ཀྱི་སྲིད་ཇུས་བཅས་བཏོན་ནས་ཁེ་ལས་དག་རང་ཁུལ་དུ་མ་དངུལ་བཏང་ནས་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་བྱས། གཉིས་ནི་ཞབས་ཞུའི་རྒྱབ་སྐྱོར་དེ་ཡིན། རང་ཁུལ་གྱིས་སྲིད་ཇུས་རྣམ་གྲངས་ལ་གཞིགས་ནས་གཏན་འཁེལ་བྱེད་པ་དང་ཞབས་ཞུ་རྣམ་གྲངས་དང་བསྟུན་ནས་སྤེལ་བའི་བླང་བྱ་ལྟར། ཡོངས་བསྒྲགས་དང་དྲང་བདེན། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། སྔར་ལས་ལྷག་པའི་སྤྲོ་སེམས་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ། ནུས་ལྡན་གྱིས་བྱེད་ཐབས་བཅས་ལ་བརྟེན་ནས་ནུས་ཤུགས་ཡོས་རྒུས་ཁེ་ལས་དག་ལ་ཞབས་ཞུ་མཁོ་འདོན་བྱས་སོ། །

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有