ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དགའ་བའི་གླུ་དང་གར་གྱིས་མེས་རྒྱལ་གྱི་སྐྱེས་སྐར་བསུ།

2019-09-26 10:13:33     来源:     责编:nake

 ཟླ9བའི་ཚེས་22ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་ཆེད་དོན་འཁྲབ་སྟོན་ཞིང་ཆེན་རིག་གནས་ཁང་སྐར་ཚོགས་འཁྲབ་རར་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། གཙང་གསུམ་འགོ་ཁུངས་ཡུས་ཧྲུའུ་ནས་ཡོང་བའི་དམངས་གླུ་ལ་གྲོང་ཁྱེར་གྱི་ལྟད་མོ་བས་དགའ་བསུ་ཆེན་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་ཚ་རླབས་འཕྱུར་བ་རེད།

  ཡུལ་ཤུལ་ཁུལ་གྱི་འཁྲབ་སྟོན་ལ“ཐོག་མའི་བསམ་འདུན་མ་བརྗེད་པར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ”དང་། “དགའ་བའི་གླུ་དང་གར་གྱིས་མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བའི་འཁྲུངས་སྐར་བསུ། “མེས་རྒྱལ་ལ་སྨོན་འདུན་ཞུ་བ”བཅས་ཁག་གསུམ་དུ་དབྱེ་ནས་འཁྲབ་སྟོན་བྱས་པ་རེད། ལེ་ཚན་11ནང “རལ་པ”སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་ངོ་མཚར་བའི་བཀྲག་མདངས་འཚེར་བ་དང་། འཁྲབ་སྟོན་པ་ཚོའི་གཟུགས་ཉམས་དོད་པ་དང་། གདོད་མའི་སྣོད་བཅུད་ཀྱི་མཛེས་ཉམས་རྫོགས་མཐའ་མེད་པར་མངོན་པ་མ་ཟད། མཚོ་སྔོན་མང་ཚོགས་ཀྱི་རིག་རྩལ་གྱི་གསོན་ཤུགས་དེ་བས་ཆེ་བ་མངོན་པར་བྱས་ཡོད།

  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་ཟླ་9ཚེས་20ཉིན་ནས་ཟླ་9ཚེས་28ཉིན་བར་བརྗོད་དོན་གཙོ་བོའི་ཆེད་དོན་འཁྲབ་སྟོན་རྣམ་གྲངས་ཆེ་གྲས9ཉིན་ལྟར་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་གྱི་མང་ཚོགས་གར་སྟེགས་ཆེན་པོ་དང་ཞིང་ཆེན་རིག་གནས་སྐར་ཚོགས་འཁྲབ་སྟོན་ཁང་དུ་འཁྲབ་སྟོན་ཐེངས་18བྱ་རྒྱུ་རེད།

 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有