ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོའི་གསོག་ནུས་ཀྱི་ནུབ་རྒྱུད་གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་འཚོགས་འགོ་ཚུགས།

2019-09-26 10:23:59     来源:ཀྲུང་གོ་བོད་ཀྱི་དྲ་བ།     责编:nake

 སྤྱི་ཟླ་9ཚེས་25ཉིན། ཀྲུང་གོའི་གསོག་ནུས་ཀྱི་ནུབ་རྒྱུད་གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་འཚོགས་འགོ་ཚུགས་པ་དང་། “སླར་སྐྱེ་ནུས་ཁུངས་ལ་གསོག་ནུས་ཚོང་ར་དང་ཚོང་ལས་རྣམ་པ་བཀོད་སྒྲིག་འཚོལ་ཞིབ་བྱེད་པ་”ཅེས་པ་གླེང་སྟེགས་ཀྱི་བརྗོད་གཞིར་བཟུང་སྟེ། ནུབ་རྒྱུད་ཀྱི་གསོག་ནུས་ཐོན་ལས་ཀྱི་ལས་ཆོད་ཆེ་བའི་འཕེལ་རྒྱས་དང་ཚོང་རའི་གོ་སྐབས། ཉེར་སྤྱོད་མ་དཔེ། ལག་རྩལ་ལམ་ཐིག་སོགས་ཀྱི་གནད་དོན་ལ་བགྲོ་གླེང་ཟབ་མོ་བྱས།

  ངོ་སྤྲད་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་ནི་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུས་མཛུབ་སྟོན་འོག་ཉིན་གཉིས་ལ་འཚོགས་འཆར་ཡོད་ཅིང་། ཀྲུང་གོའི་ནུས་ཁུངས་ཞིབ་འཇུག་ཚོགས་པ་གསོག་ནུས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་སློབ་ཆེན། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི། མཚོ་སྔོན་ནུན་ཀའོ་ནུས་ཁུངས་གསར་པའི་ཚད་ཡོད་ཀུང་སི། ཧྭ་ནུན་ནུས་ཁུངས་གཙང་མའི་ལག་རྩལ་ཞིབ་འཇུག་གླིང་། ཀྲུང་ཀོན་ཚུང་ཐོན་ལས་ལག་རྩལ་མནའ་མཐུན་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཀོན་ཚུང་མཚོ་ཤར་ཚན་རྩལ་གླིང་བཅས་ཀྱིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་གནང་བ་དང་། མཚོ་སྔོན་ཞིང་ཆེན་ནུས་ཁུངས་གཙང་མའི་ལས་ཆོད་ཆེར་སྤྱོད་གཙོ་གནད་ཚོད་ལྟ་ཁང་དང་ཀྲུང་ཀོན་ཚུང་གསོག་ནུས་ཐོན་ལས་ལག་རྩལ་མནའ་མཐུན་གཉིས་ཀྱིས་སྒྲུབ་འགན་འཁུར་བ་རེད། །

  རྩོམ་སྒྲིག་པ། གསང་བདག་རྒྱལ།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有