ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་དབྱང་གིས་ཨེ་ཁྭ་ཏོར་གྱི་སྐུ་མགྲོན་དང་མཇལ་འཛོམས་གནང་བ།

2019-09-26 14:57:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྤྱི་ཚེས་25ཉིན་པེ་ཅིང་དུ་ཨེ་ཁྭ་ཏོར་གྱི་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལི་ཐར་ཏོ་དང་མཇལ་འཛོམས་གནང་ཡོད་པ་རེད། ཝང་དབྱང་གིས། ཀྲུང་ཨེའི་བར་སྲོལ་རྒྱུན་མཛའ་གྲོགས་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཉེ་ལམ་ལོ་ཤས་རིང་གོང་འཕེལ་ཆེན་པོ་བྱུང་ཡོད། དུས་སང་ཀྲུང་ཨེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་40འཁོར་གྱི་ཡོད་པས། ཀྲུང་གོའི་ཕྱོགས་ནས་དེ་ཉིད་གོ་སྐབས་སུ་བཟུང་སྟེ། ཨེ་ཁྭ་ཏོར་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་སྤྱིའི་བྱེད་ཕྱོགས་ཁོང་དུ་ཆུད་པ། དངོས་སྒྲུབ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོར་དམ་འཛིན་བཅས་བྱས་ཏེ། རིག་གནས་དང་སློབ་གསོ། ཚན་རྩལ། རིག་མཛོད། སྨྱན་སྦྱོར། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཀྲུང་ཨེའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨེ་ཁྭ་ཏོར་རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱི་བང་རིམ་ཁག་བར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་སྤེལ་ཧུར་ཐག་བྱ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ལི་ཐར་ཏོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་ཡོད། ཁོང་གིས། ཨེ་ཀྲུང་རྒྱལ་ཁབ་གཉིས་པོར་གཉིས་ཕན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་དང་། ཨེ་ཁྭ་ཏོར་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཐེ་ཞུགས་ཧུར་ཐག་བྱ་འདོད་ཡོད་ལ། ཀྲུང་གོའི་བར་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有