ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ས་གནས་ཁག་གི་ལས་བྱེད་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་ཐོག་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་པ།

2019-09-26 14:53:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་མཚོན་པར་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

༼འོད་སྟོང་འབར་བའི་ལོ་ངོ་༧༠སྟེ། ཡུན་ནན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་༽སྤྱི་ཚེས་༢༥ཉིན་ཁུན་མིང་དུ་གཉེར་ཡོད། པར་རིས་དང་། བརྙན་མཐོང་། དངོས་པོ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཡུན་ལིང་ས་གཞི་ཆེ་མོར་ལོ་ངོ་༧༠ནང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པས། ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

༼ང་དང་རྒྱལ་དར་མཉམ་དུ་པར་ཞིག་རྒྱག་རྒྱུ་༽དེ་ས་གནས་ཁག་གི་གྲོང་མིས་དགའ་པོ་བྱེད་པའི་བྱེད་སྒོར་གྱུར་ཡོད། ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཧོང་ཅིན་ཧྲུའེ་ཨན་སྡེ་ཁུལ་དུ། རིང་ཚད་སྨི་༢༨.༨དང་ཞེང་ཚད་སྨི་༡༩.༢ཡོད་པའི་རྒྱལ་དར་ཆེན་པོ་མི་ཚོགས་ཀྱི་མགོ་ཐོག་ནས་ལག་པ་བརྐྱངས་ཏེ་བརྒྱུད་སྤྲོད་བྱས་ཡོད། སྡེ་ཁུལ་གྱི་ཏང་ཡོན་མང་ཚོགས་ཆིག་ཁྲི་ཙམ་གྱིས་རྒྱལ་དར་ལ་གཅེས་སྤྲས་དང་རྒྱལ་དར་སྲུང་སྐྱོབ་བྱེད་པའི་རྒྱལ་གཅེས་བརྩེ་སེམས་མཚོན་པར་བྱས་ཡོད།

ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་གྱི་མི་དམངས་ཐང་ཆེན་དུ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འཕུར་གཏོང་བའི་བྱེད་སྒོ་ཆེ་གྲས་གཉེར་ཡོད། ཝུའེ་ཧྥང་བྱ་འཕུར་སྒྱུ་རྩལ་པ་ལི་ནའེ་ཙེང་གིས་བཟོས་གནང་བའི་འབྲུག་མགོ་རྟགས་ཅན་བྱ་འཕུར་གྱི་རིང་ཚད་ལ་སྨི་༧༠ཡོད་པ་དང་། མེས་རྒྱལ་ལ་དགའ་ཞེན་དང་མཛེས་སྡུག་ལྡན་པའི་འཚོ་བར་སྨོན་འདུན་ཞུས་པ་མཚོན་གྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有