ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་༼རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ། འོད་སྟོང་འབར་བའི་གྲུབ་འབྲས་ཞེས་པ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་༽ལ་གཟིགས་སྐོར་གནང་བ།

2019-09-26 14:53:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕྱི་འབྲེལ་པུའི་གདན་ཞུས་ལྟར། ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་ཁབ་བརྒྱ་དང་སུམ་བཅུ་ལྷག་གི་གཞུང་ཚབ་པ་དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཁ་ཤས་ཀྱི་འཐུས་མིས་སྤྱི་ཚེས་༢༥ཉིན་པེ་ཅིང་དུ་༼རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ། འོད་སྟོང་འབར་བའི་གྲུབ་འབྲས་ཞེས་པ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་༽ལ་གཟིགས་སྐོར་གནང་ཡོད་པ་རེད།

ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཕོ་ཉ་རྣམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཡོད། ཁོང་རྣམས་ནས་འགྲེམས་སྟོན་གྱི་འགྲེལ་བཤད་ནན་ཏན་གྱིས་གསན་ཞིང་། རིགས་ཁག་གི་འགྲེམས་སྟོན་སྟེགས་བུ་དང་། འགྲེམས་ངོས། དངོས་པོ། བཟོ་དབྱིབས་བཅས་ཀྱི་མདུན་དུ་མྱོང་རོལ་གང་ལེགས་གནང་ཞིང་། འགྲེམས་སྟོན་ལ་གཟིགས་པའི་མྱོང་ཚོར་སྤེལ་རེས་གནང་ནས། ཚང་མས་གཅིག་མཇུག་གཉིས་མཐུད་དུ། ཀྲུང་གོར་དུས་ཐུང་ལོ་བཅུ་གྲངས་ནང་གྲུབ་འབྲས་རླབས་པོ་ཆེ་དེ་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་མ་རེད་ལ། གློ་བུར་དུ་བྱུང་བ་ཞིག་ཀྱང་མིན་པས། ལེགས་གྲུབ་ལྡན་པའི་ཉམས་མྱོང་ནི་འཛམ་གླིང་རྒྱལ་ཁབ་ཁག་ནས་སློབ་སྦྱོང་དང་མིག་དཔེར་འཛིན་རིན་ཡོད་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有