ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྒྱལ་སྤྱིའི་སྲིད་དོན་མི་སྣས་རྟེན་འབྲེལ་ཞུས་པ།

2019-09-26 14:36:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྒྱལ་སྤྱིའི་སྲིད་དོན་མི་སྣ་མང་པོས་རྟེན་འབྲེལ་ཞུས་ནས། ཀྲུང་གོ་གསར་པའི་འཕེལ་རྒྱས་གྲུབ་འབྲས་དང་དེ་བཞིན་ཀྲུང་གོའི་གོང་འཕེལ་གྱིས་འཛམ་གླིང་ཧྲིལ་པོར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གདེང་འཇོག་གང་ལེགས་གནང་ཡོད་པ་རེད།

མ་ལིའི་ཙུང་ཐུང་ཁའེ་ཐ་ཡིས། དེ་སྔ་ཁོང་ནས་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཕེབས་མྱོང་བ་དང་། འདས་ཟིན་པའི་ལོ་ངོ་༧༠ནང་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་ཧང་སངས་དགོས་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ལའང་ཕན་པ་ཐོབ་ཡོད་ཅེས་གསུངས་པ་དང་།

ཁོང་གིས། ད་ཆའི་ཀྲུང་གོར་གྲུབ་འབྲས་དེ་འདྲ་ཐོབ་པ་ངས་མཐོང་རིམ་བཞིན། སེམས་ནང་དགའ་བ་དཔག་མེད་ཡོང་གི་འདུག དེས་མ་ཚད། ཀྲུང་གོས་རང་ཁེ་རང་ཕན་གྱི་སྒོ་ནས་འཕེལ་རྒྱས་མི་གཏོང་བར། འཛམ་གླིང་ལ་སྒོ་མོ་ཕྱེ་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་ཆེ་ཤོས་བསྐྲུན་ཡོད། ང་ཚོས་ཀྲུང་གོའི་མཐའ་དག་ལེགས་འགྲུབ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མུ་མཐུད་ཕུགས་འདུན་མངོན་འགྱུར་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

སེར་ཝེ་ཡའི་ཙུང་ལི་པུར་ན་པི་ཆི་ཡིས་ཀྱང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད། ཁོང་གིས། ང་རང་ནས་སེར་ཝེ་ཡའི་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་། སེར་ཝེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་བར་ངར་ལྕགས་ལྟར་སྲ་ཞིང་བརྟན་པའི་མཛའ་གྲོགས་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་༼རྒྱུད་གཅིག་ལམ་གཅིག་༽གི་གྲོས་འགོར་ཞུགས་རྒྱུ་བྱུང་བས་ང་ཚོ་ཧ་ཅང་དགའ་པོ་བྱུང་། ང་ཚོའི་བར་གྱི་མཉམ་ལས་ཀྱི་ཐོག་ནས། རྒྱལ་ཁབ་ཆུང་ཆུང་ཞིག་གིས་འདྲ་མཉམ་གྱི་ཐབས་ལམ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འཕེལ་རྒྱས་ནས་ཕན་པ་ཐོབ་པ་གསལ་བཤད་བྱས་ཡོད། ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་ལེགས་གྲུབ་དེ་བས་ཆེ་བ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有