ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གསར་པས་འཛམ་གླིང་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ།

2019-09-26 14:33:00     来源:     责编:sangjzm

དུས་ཡུན་ལོ་བཞི་འཛུགས་སྐྲུན་བྱས་པ་དང་། འཛམ་གླིང་གི་ཆུ་ཚད་ལྡན་པའི་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གི་ཀྲུང་གོའི་རྒྱལ་སྒོ་གསར་པ་དངོས་སུ་སྒོ་ཕྱེ་ཡོད། ལག་རྩལ་གསར་སྐྲུན་རྣམ་གྲངས་100ལྷག་དང་རྒྱལ་སྤྱི་རྒྱལ་ནང་གི་ཨང་དང་པོ་40ལྷག དེ་བཞིན་བརྒྱ་ཆ་98ཡན་གྱི་རྒྱལ་ཐོན་ཅན་གྱི་ཚད་གཞི་བཅས་ཀྱི་ཐོག་ནས། ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དེ་ཉིད་ཀྲུང་གོའི་གསར་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་གྱུར་ཡོད། གནམ་ཐང་དེ་འཛམ་གླིང་གི་གཞི་ཁྱོན་འདྲ་མཉམ་གྱི་གནམ་ཐང་འབབ་ཚུགས་ཐང་ཆེན་ལས་ཟད་གྲོན་བརྒྱ་ཆ་20ཆུང་བ་ཡོད་པ་དང་། ལོ་རེར་དབྱང་གཉིས་ཐན་འགྱུར་འབུད་བཤངས་བྱེད་ཚད་ཏུན་ཉིས་ཁྲི་ཉིས་སྟོང་ཉུང་དུ་བཏང་བ་དེ། ཤིང་སྡོང་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་འདེབས་འཛུགས་བྱེད་པ་དང་གཅིག་མཚུངས་ཡིན་ཞིང་། རྡོ་སོལ་ཏུན་8850གྲོན་ཆུང་ཐུབ་ཀྱི་ཡོད། ཀྲུང་གོའི་གནམ་ཐང་གི་སྦགས་མེད་ལས་གཉེར་ཆུ་ཚད་འཛམ་གླིང་ཐོག་རྗེས་བསྙེགས་ནས་མཉམ་རྒྱུགས་དང་། ཐ་ན་རྒྱུགས་སྣེ་ཁྲིད་མཁན་གྱི་ཕྱོགས་སུ་བརྗེ་འགྱུར་བྱུང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགྲེལ་བཤད་གསར་པ་ཞིག་ལ་གྱུར་ཡོད། ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གྱི་ཇུས་འགོད་ཁྲོད་མི་རྩ་བར་འཛིན་པའི་འདུ་ཤེས་གང་ས་ནས་མངོན་ཡོད་པའི་ཐོག་ནས། ཀྲུང་གོའི་རིམ་འདས་ལས་གཞིའི་ཁྱད་ཆོས་དེ་ལས་གཞི་རང་ངོས་ཀྱི་སྟོབས་ཤུགས་ཙམ་གྱིས་མི་ཚད་པར། ད་དུང་ཐུགས་ཁུར་དང་དྲོ་སྐྱིད་ཀྱང་བརྒྱུད་སྤྲོད་བྱེད་ཐུབ་པ་མཚོན་གྱི་ཡོད། འདི་ནི་ཀྲུང་གོས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཛོམས་དགོས་ངེས་ཀྱི་ནང་དོན་ཡང་ཡིན་པ་རེད།

ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有