ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཡིས་ཧ་སག་སི་ཐན་ལ་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།

2019-09-26 14:32:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་སྤེལ་བའི་གནས་ཚུལ། ཧ་སག་སི་ཐན་གྲོས་ཚོགས་ཁང་གི་གྲོས་ཚོགས་སྟོད་པའི་གྲོས་དཔོན་ན་བཀྲར་པ་ཡེ་ཝ་དང་གྲོས་ཚོགས་སྨད་པའི་གྲོས་དཔོན་ཉི་ཀོ་་མ་ཐུ་ལིན་གྱི་གདན་ཞུས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་21ཉིན་ནས་25ཉིན་བར་ཧ་སག་སི་ཐན་དུ་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་ཡོད། ནུར་སུ་ཏན་དུ་ཙུང་ཐུང་དང་པོ་ན་བཀྲར་པ་ཡེ་ཧྥུ་དང་ཙུང་ཐུང་ཐོ་ག་ཡེ་ཧྥུ་དང་མཇལ་འཛོམས་གནང་ཡོད། ན་བཀྲར་པ་ཡེ་ཝ་དང་ཉི་ཀོ་་མ་ཐུ་ལིན་ཁག་སོ་སོ་དང་མཇལ་མོལ་གནང་ཡོད། ཙུང་ལི་མ་མིང་དང་ལྷན་དུ་འབྲེལ་ཡོད་བྱེད་སྒོར་བཞུགས་གནང་ཡོད། ཧ་སག་སི་ཐན་ཕྱོགས་ཀྱི་འགོ་ཁྲིད་མི་སྣས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རྟེན་འབྲེལ་ཞུས་གནང་བར། ལི་ཀྲན་ཧྲུའུ་ཡིས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།

ན་བཀྲར་པ་ཡེ་ཧྥུ་དང་མཇལ་འཛོམས་གནང་སྐབས། ལི་ཀྲན་ཧྲུའུ་ཡིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་དང་། ཁོང་གིས། ཀྲུང་ཧ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་27སོང་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་འཐབ་ཇུས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་ཧ་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ནས། རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ལ་གྱུར་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་ཧ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་ཆེ་བ་ཐོབ་པ་བྱེད་དགོས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཧ་སག་སི་ཐན་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་དང་། ཁོང་གིས། ཀྲུང་གོ་ནི་ཧ་སག་སི་ཐན་ཕྱོགས་ཀྱི་གྲོགས་པོ་ཡག་པོ་ཡིན། ཧ་སག་སི་ཐན་ངོས་ནས་བཤད་ན་ཀྲུང་གོའི་གོང་འཕེལ་གལ་འགངས་ཧ་ཅང་ཆེན་པོ་ཡིན། མུ་མཐུད་དེ་ཀྲུང་ཧ་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ནི་སྔ་ཕྱི་བར་གསུམ་དུ་ཧ་སག་སི་ཐན་ཕྱོགས་ཀྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་ལ་བསམ་བློ་གཏོང་བའི་ཁ་ཕྱོགས་ཡིན། ཀྲུང་གོར་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད།

ཐོ་ག་ཡེ་ཧྥུ་དང་མཇལ་འཛོམས་གནང་སྐབས། ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་ཡོད། ཁོང་གིས། ཧ་སག་སི་ཐན་ནི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་སྐུལ་སྤེལ་གཏོང་སའི་ས་ཁུལ་དང་པོའི་གྲས་ཡིན། ཕྱོགས་གཉིས་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་སྐུ་ཞབས་བར་ཐུན་མོང་ཐོག་གཏན་འཁེལ་གནང་བའི་ཀྲུང་ཧ་ཡུན་རིང་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་གནས་བབ་གསར་པར་གཞིགས་ཏེ། སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། རྒྱབ་སྐྱོར་བཅས་བྱ་རྒྱུ་དེ་ཕན་ཚུན་དར་རྒྱས་གོང་འཕེལ་འགྲོ་བའི་འཐབ་ཇུས་འདེགས་སྐྱོར་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有