ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱིས་བསྟན་དོན། རང་རྒྱལ་གྱི་སྐད་ཡིག་ཐོན་ཁུངས་སྲུང་སྐྱོང་གསར་སྤེལ་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ།

2019-09-26 14:02:00     来源:     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་23ཉིན་སྐད་གསང་མཐོན་པོའི་ཀློག་སྒྲ་གྲགས་པ་དང་བསྟུན་ནས“སྤྱི་སྐད་ཐོག་ནས་ལོ་ངོ་70འཁོར་བར་བསྟོད་གླུ་ལེན། ཚད་ལྡན་ཡི་གེ་བྲིས་ནས་རྒྱལ་གཅེས་བརྩེ་བ་འཆང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་22པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་དྲིལ་བསྒྲགས་གཟའ་འཁོར་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོ་ཀྲོའུ་ཁའེ་ལི་གྲོང་ཁྱེར་རུ་མཇུག་བསྒྲིལ་བ་རེད།

སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱི་འགན་འཁུར་བས་ལོ་ངོ་70ཡི་རིང་སྐད་ཡིག་ལས་དོན་གྱིས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུར་དམིགས་ནས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་པ་དང་ལས་ཀའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བས། སྐད་ཡིག་གི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྐད་ཡིག་གི་ཚད་ལྡན་ཚད་གཞི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ། ཀྲུང་ཧྭའི་སྐད་ཡིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཕུན་སུམ་ཚོགས་སུ་ཕྱིན་པ། རྒྱ་སྐད་ཀྱི་རྒྱལ་སྤྱིའི་སྤེལ་རེས་འཕེལ་རྒྱས་མྱུར་པོ་སོང་བ། སྐད་ཡིག་གི་ཐོན་ཁུངས་སྲུང་སྐྱོང་གསར་སྤེལ་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བཅས་བྱུང་ནས། རྒྱལ་དམངས་ཀྱི་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བར་བྱེད་པ་བཅས་ལ་གལ་འགངས་ཆེ་བའི་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有