ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

“གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་བཞིན་ཡོད”

2019-09-26 13:59:00     来源:     责编:sangjzm

——དབྱིས་རིགས་ཀྱི་པི་མོ་བའི་རྗེས་རབས་ཤིག་གི་མྱོང་ཚོར།

སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་མན་ཉིང་རྫོང་དབྱིས་ཧའེ་གྲོང་རྡལ་དབྱིས་ཧའེ་གྲོང་ཚོར་སྐྱོད་སྐབས། ཐོག་ཁ་རྫ་དམར་དང་གྱང་དཀར་པོའི་སོ་ཕག་ཁང་པར་དབྱིས་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་རྒྱན་སྤྲས་ཡོད་པ་དེ་དག་ལྗོན་ཤིང་གི་གསེབ་ཏུ་བཀྲག་མདངས་རྣམ་པར་འཚེར། “མནའ་ཞུགས་ཞིང་གྲོང”དང“དམར་དམག་གི་སྡོང་པོ”སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ཡུལ་སྐོར་བར“དབྱིས་ཧའེ་མནའ་ཞུགས”ཀྱི་སྒྲུང་གཏམ་གླེང་བཞིན་མཆིས།

1935ལོའི་ཟླ་5པར། དམར་དམག་རྒྱང་སྐྱོད་བྱས་ཏེ་ས་ཆ་དེ་བརྒྱུད་ནས་འགྲོ་སྐབས་དམག་སྤྱི་ལིའུ་པོ་ཁྲེང་གིས་ཡུལ་དེ་གའི་དབྱིས་རིགས་ཀྱི་འགོ་པ་གོ་ཅི་ཞའོ་ཡེ་ཏན་དང་མཉམ་དུ་དབྱིས་ཧའེ་མཚོ་ཆུས་ཨ་རག་གི་ཚབ་བྱས་པ་དང་ཁྲག་གཙགས་ཏེ་རུས་མིང་མི་འདྲ་བའི་མནའ་བཞག་གྲོགས་པོ་བསྒྲིགས་པ་རེད། དབྱིས་རིགས་ས་ཁུལ་བརྒྱུད་སྐབས་དམར་དམག་གིས“ཀྲུང་གོའི་བཟོ་ཞིང་དམག་གིས། གཉོད་ཆུང་བཅིངས་འགྲོལ་བཏང་སོང་། དབྱིས་རྒྱ་མི་སེར་ཡོད་རྒུ། གཅེན་གཅུང་སྤུན་མཆེད་གཅིག་རེད”ཅེས་པ་སོགས་ཀྱི་འདོད་ཚུལ་བཏོན་ཡོད།

སྐབས་དེ་དུས་ཀྱི་མནའ་ཞུགས་ཀྱི་བདེན་དཔང་བྱེད་མི་དང་། ལིའུ་པོ་ཁྲེང་དང་གོ་ཅི་ཞའོ་ཡེ་ཏན་དབར་སྐད་སྒྱུར་བྱེད་མཁན་ནི་དབྱིས་རིགས་ཀྱི་པི་མོ་བ་ཧྲ་མར་ཀོ་རེད། ད་ཆ། ཧྲ་མར་ཀོའི་ཚ་བོ་ཧྲ་མ་དབྱི་ཀུའུ་ཡིས་སྔར་བཞིན་རླབས་ཆེན་གྱི་ཐུག་འཕྲད་འདི་སྲུང་བཞིན་ཡོད། ཁོང་ནི་མན་ཉིང་དབྱིས་ཧའེ་མནའ་ཞུགས་དྲན་གསོ་ཁང་གི་ལས་དོན་མི་སྣ་ཞིག་རེད།

ཧྲ་མ་དབྱི་ཀུའུ་ཡིས། སྐབས་དེ་དུས་ཏང་གིས་འགོ་ཁྲིད་པའི་དམར་དམག་ས་ཆ་འདིར་ཡོང་ནས་ང་ཚོར་གཉོད་ཆུང་མི་རིགས་བཅིངས་འགྲོལ་གཏོང་བའི་ཐོག་མའི་བསམ་འདུན་བཤད་བྱུང་། ད་ཆ་ཏང་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱིས་ཀྱང་དབྱིས་རིགས་ཀྱི་མི་སེར་རྣམས་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཕན་པ་ཧུར་ཐག་སྐྲུན་བཞིན་ཡོད། “ང་ཚོ་དབྱིས་ཧའེ་གྲོང་ཚོ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དཔུང་སྡེས་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་གྲོང་ཚོ་ཞིག་རེད། དེ་དག་ལས་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་དབྱིས་རིགས་ཀྱི་མི་སེར་ལ་རོགས་རམ་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་གསལ་བཤད་གང་ལེགས་ཐུབ་ཡོད་”ཅེས་བཤད།

དབྱིས་ཧའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཱ་ཆང་གིས“དབྱིས་ཧའེ་མནའ་ཞུགས”ཀྱི་གསར་བརྗེའི་ཡུལ་སྐོར་རིག་གནས་མཛེས་ལྗོངས་ཁུལ་གོང་འཕེལ་སོང་བ་དང་གནད་སྨིན་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བརྟན་པོ་བྱུང་བ་ལས་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་110ལྷག་ཙམ་ཚང་མ་དབུལ་པོའི་གནས་ལས་བསྒྲལ་ཡོད་ཅེས་གསར་འགོད་པར་བཤད་པ་དང་། གྲོང་ཚོར་བདེ་སྲུང་གི་འགན་འཁུར་བཞིན་པའི་གྲོང་མི་ཅི་ཀེན་སུའུ་མུའུ་ཡིས་དེ་སྔ་གྲོང་ཚོའི་འགྲིམ་འགྲུལ་ཞན་པས་བཏབ་པའི་ཞོག་ཁོག་ཀྱང་འཚོང་ཐུབ་ཀྱི་མེད་ལ་གྲོང་མིའང་ཕྱིར་སྐྱོད་ཤིན་ཏུ་དཀའ། ད་ཆ་ལམ་བཟོས་པས་གྲོང་མི་རྣམས་ཐག་ཉེ་བའི་མཛེས་ལྗོངས་ཁུལ་དུ་ལས་མི་བྱེད་པ་དང་ཕྱི་ཕྱོགས་སུ་གླ་པར་སྐྱོད་པའི་གོ་སྐབས་ཀྱང་མང་དུ་སོང་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

“ཞིང་པའི་ཁྱད་ལྡན་ཡུལ་ཟོག་ང་ཚོར་འཚོང་བ་དང་། ཁང་པ་ང་ཚོར་བོགས་མར་བཏང་སྟེ་འགྲུལ་ཁང་གཉེར་བ། མཛེས་ལྗོངས་ཁུལ་དུ་ལས་མི་བྱེད་པ་སོགས་ད་ཆ་གྲོང་མི་རྣམས་ཀྱི་འབབ་འཕར་ཐབས་ལམ་མང་དུ་སོང་ཡོད་ཁར། སེམས་ཤུགས་ཀྱང་ཇེ་ཆེར་འཕེལ་ཡོད། ང་ཚོས་ད་དུང་སྔོ་ལྗང་རི་ཆུའི་ཁྲོད་ཀྱི་གསར་བརྗེའི་གནའ་ཤུལ་རྙིང་པར་མུ་མཐུད་སྲུང་སྐྱོང་ཧུར་ཐག་བྱས་ཏེ་མི་སེར་དེ་བས་མང་བར་འབབ་འཕར་བརྟན་པོ་ཡོང་རོགས་བྱེད་ཀྱི་ཡིན”ཞེས་སི་ཁྲོན་ནེང་ཐིའུ་དབྱིས་ཧའེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡོན་ལིའུ་ཡིས་བཤད་བྱུང་།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有