ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

གཡག་རྒྱུག་འགྲན་བསྡུར་བྱས་ཏེ་རྒྱལ་སྟོན་བསུ་བ།

2019-09-26 11:23:00     来源:     责编:sangjzm

འཁྲུག་ཆ་དོད་པའི་གཡག་རྒྱུག་འགྲན་བསྡུར་ལ་མི་ཚོས་དགའ་འབོད་ཆེན་པོ་བྱེད་པ་དང་། གཡག་65ཁག་བགོས་བྱས་ཏེ་སྤང་ལྗོངས་སུ་འགྲན་བསྡུར་ལ་ཞུགས།

ཟླ་9ཚེས་23ཉིན། བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་དུ་བོད་རིགས་ཀྱི་ལུས་རྩལ་རྣམ་གྲངས་གཡག་རྒྱུག་འགྲན་བསྡུར་གཉེར་བ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་རེད། སྔ་དྲོའི་རིག་རྩལ་འཁྲབ་སྟོན་ནས་ཕྱི་དྲོའི་གཡག་རྒྱུག་འགྲན་བསྡུར་བར་ཡུལ་དེའི་གྲོང་མི་ཆིག་ཁྲི་ལྷག་ཙམ་ད་ཐེངས་ཀྱི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་། ས་གནས་ས་ཐོག་ཏུ་རྒྱལ་སྟོན་བསུ་བའི་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་གྲུ་གཞས《ང་དང་ངའི་མེས་རྒྱལ》ལྷང་ལྷང་གྲགས། འཁྲབ་སྟོན་ལྟད་མོ་ཆེ་ཤོས་སྐབས་སུ་མང་ཚོགས་ཚོས་ལག་གི་དར་ཆ་གཡུག་གཡུག་བྱས་ཏེ་རྒྱལ་གཅེས་ཀྱི་བསམ་པ་མཚོན་པར་བྱེད་ཀྱི་ཡོད། ལོ་ངོ་70ཡི་རིང་། མལ་གྲོ་གུང་དཀར་རྫོང་གི་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། 2018ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14300ལས་བརྒལ་བ་དེ་སྒྱུར་བཅོས་སྒོ་དབྱེ་ཐོག་མར་བྱེད་པའི་སྐབས་དང་བསྡུར་ན་ལྡབ་286འཕར་ཡོད། རྫོང་ཡོངས་ཀྱི་ལག་ཡོད་འབྲི་གཡག་ཁྲི་8ལྷག་ཙམ་ཟིན་པ་ལས། རྒྱགས་གསོ་བྱས་པའི་འབྲི་གཡག་ཆིག་སྟོང་ལྷག་ཙམ་ཡོད་པར་དུད་ཚང་67གྱི་མི་362ཀྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཤིང་། འདི་ནི་འབྲོག་པས་གཡག་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有