ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤིན་ཅང་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་སོང་ཚུན་རིགས་ཁག་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ།

2019-09-26 11:07:00     来源:     责编:sangjzm

སྤྱི་ཚེས་ཉི་ཤུ་ལྔ་ཉིན་ནི་ཤིན་ཅང་ཞི་བའི་བཅིངས་འགྲོལ་བཏཱང་ནས་ལོ་ངོ་བདུན་ཅུ་འཁོར་བའི་དྲན་གསོའི་ཉིན་མོ་རེད། ལོ་ངོ་བདུན་ཅུའི་རིང་། ཏང་ཀྲུང་དབྱང་གི་བྱམས་རྩེའི་ཐུགས་ཁུར་འོག ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པས་རིགས་ཁག་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་གྲུབ་འབྲས་ཐོབ་པ་མ་ཟད་ཤིན་ཅང་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་མཐུད་ལེགས་སུ་སོང་ཡོད།

དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་། ཨ་ཁུ་ཁུར་པན་གྱིས་བོང་བུ་བཞོན་ནས་པེ་ཅིང་དུ་མའོ་ཀྲུའུ་ཞི་མཇལ་བར་ཡོང་བའི་གཏམ་རྒྱུད་སྙན་མོ་མེས་རྒྱལ་གྱི་ས་ཕྱོགས་ཀུན་ཏུ་ཁྱབ་མྱོང་། སྐབས་དེ་དུས་ཡུས་ཐན་མི་དམངས་རྒྱལ་སར་ཡོང་བར་སྔ་གཞུག་ཏུ་ཟླ་ཕྱེད་ཙམ་མགོར་གྱི་ཡོད། འོན་ཀྱང་དེང་གི་དུས་འདིར་ཁུར་པན་གྱི་ཕ་ཡུལ་ལ་སྔ་ས་ནས་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་དང་། མྱུར་བགྲོད་གཞུང་ལམ་གང་སར་ཁྱབ་ཅིང་ཤིན་ཅང་ལྷོ་མའི་ལྕགས་ལམ་ནང་ས་དང་སྦྲེལ་ཟིན། གཞན་ཡང་ཧོ་ཐན་ནས་པེ་ཅིང་བར་གྱི་ཐད་སྐྱོད་གནམ་གྲུས་ཆུ་ཚོད་འགའ་ཤས་ལས་མགོར་གྱི་མེད།

ལོ་ངོ་བདུན་ཅུའི་རིང་། ཤིན་ཅང་གིས་ལས་ཞུགས་ལས་དོན་སྐུལ་འདེད་བརྟན་པོ་བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཤིན་ཅང་གིས་ལས་ཞུགས་སྔོན་འཇོག་སྲིད་ཇུས་བཟུང་བ་དང་། ཤིན་ཅང་ལྷོ་མའི་ས་ཁུལ་དང་ཁུལ་བཞིའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཐོག་གཅིག་སྡུད་བྱས་ནས་ལས་ཞུགས་དབུལ་སྐྱོར་འཆར་གཞི་ལག་ལེན་ཤུགས་ཆེན་བཏང་བ་དང་སྤོ་འགྱུར་ལས་ཞུགས་ལག་ལེན་བསྟར་ཡོད། ཁ་ཧྲེ་ཙེ་ཕུ་རྫོང་གི་ཏི་ལི་ཤ་ཐེ་མའེ་མའེ་ཐེ་ཐུར་སུན་ནི་སྤོ་འགྱུར་ལས་ཞུགས་དབང་གིས་པོ་ཀྲའུ་ཅིང་ཧོ་རྫོང་གི་འཐག་ལས་ཁེ་ལས་ཞིག་གི་བཟོ་པ་ཞིག་ཏུ་གྱུར་བ་དང་། ད་ཆ་ཁོང་ཁེ་ལས་དེའི་ལག་རྩལ་རྐང་འཛིན་པར་གྱུར་ཡོད།

མིག་སྔའི་ཤིན་ཅང་ལ་ལོ་དགུའི་འོས་འགན་སློབ་གསོ་ཕྱོགས་ཡོངས་སུ་ཁེབས་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། ཤིན་ཅང་ལྷོ་མར་ལོ་གསུམ་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོ་དང་། ལོ་བཅུ་གཉིས་ཀྱི་གཞི་རྩའི་སློབ་གསོ་ཕྱོགས་ཡོངས་སུ་ཁྱབ་པ་བྱུང་ཡོད། ད་དུང་དམངས་ཡོངས་ལ་རིན་མེད་ངང་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་དང་ནད་གཞི་ཆེ་གྲས་ཀྱི་འགན་བཅོལ་སོགས་མངོན་འགྱུར་བྱུང་བ། ཤང་གྲོང་ལ་གཅིག་གྱུར་འཆར་འགོད་དང་དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པ་བཅས་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有