ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་བསྟར་ཤུགས་ཆེན་བྱས།

2019-09-25 18:45:33     来源:བོད་ལྗོངས་ཉིན་རེའི་ཚགས་པར།     责编:nake

  རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ལྷུན་གྲུབ་རྫོང་འདི་ཉིད་ཡུལ་སྐོར་དང་སྤྲོ་གསེང་གཞི་གཅིག་ཏུ་འདུས་པའི་སྤྲོ་གསེང་གནས་མཆོག་ཅིག་ལ་ཧུར་ཐག་གཏོད་ཆེད། “ལྷུན་གྲུབ་རྫོང་གི་པད་ཁའི་མེ་ཏོག་གི་སྤྱན་གཟིགས་དུས་ཆེན་སྐབས་གསུམ་པ”ཉེ་ཆར་རྫོང་དེར་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་རེད།

  ལྷུན་གྲུབ་རྫོང་ནི་ལྷ་སའི་འབྲུ་རིགས་ཐོན་ཁུལ་གྱི་རྫོང་ཆེན་ཞིག་ཡིན་པ་དེར“ལྷ་སའི་འབྲུ་མཛོད”དང“ལྷ་སའི་མེ་ཏོག་ལྡུམ་ར་རྒྱབ་མ”ཞེས་པའི་མཚན་སྙན་གྲགས་ཡོད། དུས་ཡུན་རིང་པོའི་ནང་། ལྷུན་གྲུབ་རྫོང་གིས་ཞིང་ལས་སྤྲོ་གསེང་ཡུལ་སྐོར་རྣམ་གྲངས་དེ་ཡུལ་སྐོར་གསར་སྤེལ་གྱི་གཙོ་གནད་རྣམ་གྲངས་ཤིག་ལ་བརྩི་གི་ཡོད། ད་རེས་པད་ཁའི་མེ་ཏོག་གི་སྤྱན་གཟིགས་དུས་ཆེན་གཉེར་བ་དེ་ནི་ལྷུན་གྲུབ་རྫོང་གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་སྤོས་པ་ཞིག་དང་། ལྷ་སའི་ཡུལ་སྐོར་བྱང་སྐོར་ལམ་ཐིག་གི་བཀྲག་མདངས་འཚེར་སའི་འདུ་འགོད་ཀྱི་གྲས་ཤིག་རེད།

  ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་དམ་པོར་དམིགས་པ་དང་རྫོང་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས། ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་པ་དང། “ཡུལ་སྐོར+”རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་ལས་དང་། ཡུལ་སྐོར། ལུས་རྩལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། 2017ལོ་ནས་ད་བར། ལྷུན་གྲུབ་རྫོང་གིས་ས་མཐོའི་མུའུ་ཁྲིའི་པད་ཁའི་སྤྱན་གཟིགས་དུས་ཆེན་སྐབས་གཉིས་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་ཡོད། བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དེས་ལྷུན་གྲུབ་རྫོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་། རྫོང་དེའི་ལུས་རྩལ་དང་། རིག་གནས། ཞིང་ལས། ཡུལ་སྐོར་ལས་རིགས་བཅས་མཉམ་འབྲེལ་འཕེལ་རྒྱས་ཀྱི་སྒྲོག་ཐག་གལ་ཆེན་ཞིག་ལ་གྱུར་པ། ལྷུན་གྲུབ་རྫོང་གི་མཚན་སྙན་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གི་ཡུལ་སྐོར་ཡོང་འབབ་དང་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ཤུགས་ཆེན་འཕར་ཡོད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有