ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གལ་ཆེན་གྱི་བྱེ་བཅོས་རྩྭ་འདེབས་ལ་ཐོག་མའི་ཕྲན་འབྲས་མངོན།

2019-09-25 18:30:32     来源:ཀྲུང་གོ་བོད་ཀྱི་དྲ་བ།     责编:nake

  རི་མོ་འདི་ནི་ཀན་ལྷོའི་མངའ་ཁོངས་ཀྱི་རྩྭ་ཐང་ཡིན། ཀྲུང་ཤིན་གྱིས་པར་བླངས།

  “མིག་སྔར་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་རྣམ་པར་ཐོག་མའི་འགྱུར་ལྡོག་རགས་ཙམ་ཕྱིན་ནས་ཆུ་འགོ་བཅོས་སྐྱོང་ནུས་པ་རིམ་བཞིན་གོང་དུ་ཕྱིན་ཡོད། ཚེས22ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཆོན་ཧུང་ལིན་གྱིས《ཀན་སུའུ་ཀན་ལྷོའི་རྨ་ཆུའི་ཆུ་འགོའི་སྐྱེ་ཁམས་ནུས་པ་གལ་ཆེན་ཁ་གསབ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》(བསྡུས་མིང་ལ《འཆར་འགོད》ཅེས་པ2008ལོར་སྤེལ་འགོ་བཙུགས་པ་ནས་བཟུང་། རིམ་རྩིས་བྱས་ན་ཨ་བྲའི་གནོད་འཚེ་ཕོག་པའི་རྩྭ་ཐང་མུའུ་ཁྲི1573.5དང་། བྱེ་འགྱུར་རྩྭ་ཐང་མུའུ་ཁྲི116། བྱེ་འགྱུར་རྩྭ་ཐང་ཚབས་ཆེན་མུའུ་ཁྲི10.69། བྱེ་སྒང་འཁོར་སྐྱོད་མུའུ་ཁྲི3.55བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་རེད།

  ཀན་ལྷོ་ཁུལ་མངའ་ཁོངས་ཀྱི་རྨ་ཆུའི་བཞུར་ཚད་ལ་སྤྱི་ལེ433ཡོད་ཅིང་། དེའི་ས་ངོས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར199ཟིན་པ་དང་། ལོ་ལྟར་ཆ་སྙོམས་རྨ་ཆུ་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་65.9ཁ་གསབ་བྱེད་པས། རྨ་ཆུའི་སྤྱིའི་བཞུར་ཚད་ཀྱི50.7%ཟིན་ཡོད། དེར་བརྟེན“རྨ་ཆུ་ནི་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ཡིན་མོད། འོན་ཀྱང་ཀན་ལྷོའི་མཐོ་སྒང་དུ་ཆུ་བོ་རུ་གྱུར་ཡོད། ”ཅེས་བཤད། ཆོན་ཧུང་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀན་ལྷོ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གལ་ཆེན་ཞིག་ཡིན་པ་དང་། མངའ་ཁོངས་ནང་གི་འདམ་ར་དང་། རྩྭ་ཐང་། ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་ཡིན་པ་དང་། ཆུ་འགོ་སླར་གསོ། ཆུ་ལོག་འགོག་བཅོས་སོགས་ཐད་ལ་ནུས་པ་གལ་ཆེན་ཐོན་གྱིན་ཡོད་ཟེར།

  རི་མོ་འདི་ནི་ཀན་ལྷོ་མངའ་ཁོངས་ཀྱི་གྲོང་གསེབ་སྔོ་ལྗང་ཅན་ཏུ་སྒྱུར་བའི་གནས་ཚུལ་ཡིན། ཀྲུང་ཤིན་གྱིས་པར་བླངས།

  དེ་སྔོན་གནམ་གཤིས་དྲོ་ཞིང་ཆར་པ་འབབ་ཚད་ཉུང་དུ་ཕྱིན་པ་སོགས་རང་བྱུང་རྒྱུ་རྐྱེན་གྱི་ཁར། རྩྭ་ཐང་སྟེང་ཕྱུགས་རིགས་འཚོ་སྐྱོང་ཚད་ལས་བརྒལ་བ་དང་ནགས་ཚལ་གཅོད་དྲགས་པ་སོགས་ཀྱི་རྐྱེན་པས་ཁུལ་ཡོངས་ཀྱི་རྩྭ་ཐང་མུའུ་ཁྲི4084ཡི90%བྱེ་ཐང་ཅན་དང་བ་ཚྭ་ཅན་བཅས་ཀྱི་ཚད་རིམ་མི་འདྲ་བའི་ཞན་འགྱུར་སྣང་ཚུལ་མངོན་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱིས་བརྟག་དཔྱད་བྱས་རྗེས། གལ་སྲིད་འདི་ལྟར་ཡུན་རིང་སོང་ཚེ་ལོ་འགའ་ཤས་ཀྱི་རྗེས་སུ་ཀྲུང་གོའི་བྱེ་རྡུལ་རླུང་འཚུབ་ཀྱི་འབྱུང་རྩ་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བསྟན་པ་རེད།

  2007ལོར་ཀྲུང་གོའི་གཞུང་ཕྱོགས་ཀྱིས་དམངས་འཚོ་ཇེ་ལེགས་སུ་གཏོང་བ་གཞི་བཙུགས་པའི་མཆན་བཀོད་དཔར་ཡིག《འཆར་འགོད》ལ་ཁྱོན་བསྡོམས་པས་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར51བཏང་།

  “ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ཀན་སུའུ་ཡི་འཕེལ་རྒྱས་གྲུབ་འབྲས་སྐོར་བསྐྱོད་”སྨྱན་སྦྱོར་ཡོངས་ཀྱི་གཅིག་སྡུད་བཅར་འདྲི་བྱེད་སྒོ་སྤེལ་བའི་རིང་བཅར་འདྲི་ཚོགས་པའི་ཚོགས་མི་སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་ཤེས་རྟོགས་བྱེད་པར་བསྐྱོད་པ་རེད།

  “ཀན་ལྷོ་ཁུལ་མངའ་ཁོངས་ཀྱི་རྨ་ཆུ་ལ་བཅོས་སྐྱོང་བྱེད་པར་དཀའ་ཁག་ཆེ”སྟེ། ཆོན་ཧུང་ལིན་གྱིས་རྨ་ཆུའི་ཆུ་གསོག་གཞོང་བ་རྨ་ཆུ་རྫོང་སྐྱེ་ཁམས་བཅོས་སྐྱོང་བྱེད་པ་དཔེར་བླངས་ན། རྨ་ཆུའི་བཞུར་ལམ་བཅོས་སྒྱུར་དང་མིས་བཟོས་རྒྱུ་རྐྱེན། རྨ་ཆུའི་ཆུ་འགྲམ་ཁུལ་དང་དེའི་བྱེ་མ་ཕུན་སུམ་ཚོགས་ལ། ལོ་རེར་ཆ་སྙོམས་རིམ་པ8ཡན་གྱི་རླུང་ཆེན་གནམ་གཤིས་ཉིན77.1ལ་བསྟན་ནས་བྱེ་མ་བཞུར་ཚད་ཀྱི་སྒུལ་ཤུགས་མཁོ་འདོན་བྱས་པ་རེད། དུས་རབས20པའི་ལོ་རབས80པའི་དུས་འགོར་རྨ་ཆུའི་འདམ་ར་སྐམ་པའི་རྒྱ་ཁྱོན་མུའུ་ཁྲི153ལས་བརྒལ་མྱོང་བ་རེད།

  ཆོན་ཧུང་ལིན་གྱིས་ས་གནས་དེ་གའི་གཞུང་ཕྱོགས་ཀྱིས་ནང་སོག་སོགས་ས་ཁུལ་གྱི་རྨ་ཆུ་བཅོས་སྐྱོང་གི་ཉམས་མྱོང་ལ་སློབ་སྦྱོང་ཐེངས་མང་བྱས་མོད། གོང་གསལ་གྱི་དམིགས་བསལ་ཆ་རྐྱེན་གྱི་དབང་གིས་ཕན་འབྲས་ཡག་པོ་ཐོན་མེད། གནད་དོན་དེ་ཐག་གཅོད་བྱ་ཆེད། མཐོ་རིམ་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་གྱིས2011ལོར་གཞི་ནས་རྩྭ་འདེབས་སྐྱེ་དངོས་ཟུང་འབྲེལ་དང་ནོར་ལུག་གི་བཤང་གཅི་ས་རྒྱུ་ལེགས་བཅོས་སོགས་ཀྱི“ཀན་ལྷོའི་ཁྱད་ཆོས་ལྡན་པའི”བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་པ་རེད།

  “སྐྱེ་ཁམས་འཛུགས་སྐྱོང་ལ་ཕན་འབྲས་ངེས་ཅན་ཐོབ་མོད། འོན་ཀྱང་རྩྭ་ཐང་སྲུང་སྐྱོང་གི་བྱ་བའི་འགན་འཁྲི་སྔར་བཞིན་ལྕི་ལ་ཡུན་རིང་བ། ཆོན་ཧུང་ལིན་གྱིས་མིག་སྔར་ཁུལ་འདིའི་རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི་2313ཟིན་པས་ད་དུང་རིམ་བཞིན་ཉམས་གསོ་བྱས་ནས་སྐྱེ་ཁམས་ནུས་པ་དང་རིན་ཐང་དེ་བས་ལེགས་པ་འདོན་སྤེལ་བྱེད་དགོས་ཞེས་བཤད། །

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有