ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧྥུན་ཅན་ཧྲིན་གྱིས་ཚན་ཆུང་ཁྲིད་དེ་ཡུལ་ཤུལ་ཁུལ་གྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས།

2019-09-25 18:30:32     来源:མཚོ་སྔོན་བོད་སྐད་རླུང་འཕྲིན།     责编:nake

  ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧྥུན་ཅན་ཧྲིན་སོགས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་མཉམ་དུ་རྟོག་ཞིབ་བྱས།

  རྟོག་ཞིབ་བྱེད་སྐབས། ཧྥུན་ཅན་ཧྲིན་སོགས་ཀྱིས་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི། དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་དང་གླེང་མོལ་བྱས་པ་དང་། ཡུལ་ཤུལ་གྲོང་ཁྱེར་ཤེལ་དཀར་སྲང་ལམ་བཀྲ་ཤིས་དར་ཐང་སྡེ་བ་རུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ལ། ཡུལ་ཤུལ་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོའི་དམིགས་འབེན་རེ་བ་ཁོང་དུ་ཆུད་པར་བྱས་པ་དང་། རིམ་པ་སོ་སོའི་ཏང་ཨུའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ། ཀྲི་པུའུ་བཀོལ་སྤྱོད་བྱེད་པ་དང་ཀྲི་པུའུ་སྟོབས་ལྡན་དུ་བསྒྱུར་བར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་བརྗོད་དོན་སློབ་གསོ་ཁྲོད་ཞུགས་པར་རྩ་འཛུགས་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས།

  ཧྥུན་ཅན་ཧྲིན་གྱིས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་མཐོན་པོ། སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རང་བྱུང་ཅུང་ཆ་རྐྱེན་ཞན་པ་དང་། སྐོར་ཐེངས་གཉིས་པ་སྤེལ་བའི་ས་ཁུལ་དང་སྡེ་ཁག་མང་ཞིང་གཞི་ཁྱོན་ཆེ་ལ། ཏང་ཡོན་གྱི་རིག་གནས་ཆུ་ཚད་ཀྱི་བར་ཁྱད་ཅུང་ཆེ་བས། ཚད་གཞི་དང་རེ་བ་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་འགོ་བརྩམས་པ་ནས་བཟུང་། སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ལྟ་ཞིབ། དག་ཐེར་ལེགས་བཅོས་བཅས་བྱེད་ཐབས་གཙོ་བོ་བཞི་མཉམ་བསྲེས་བྱེད་པ་དང་། བསམ་བློ་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་། གནད་དོན་ལ་ལྟ་ཞིབ་ཟབ་མོ་བྱེད་པ། དག་ཐེར་ལེགས་བཅོས་བཟང་བོ་བྱེད་པ། རྩ་འཛུགས་འགོ་ཁྲིད་ནན་མོ་བྱེད་དགོས། སྤྱོད་ཚུལ་ལེགས་བསྒྱུར་བྱེད་པར་དོ་སྣང་བྱེད་པ་དང་། གཞི་རིམ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་ནན་མོ་བྱེད་པ། བརྗོད་དོན་སློབ་གསོ་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཐད་ཀྱི་རེ་བ་སྣ་ཚོགས་ཟུང་འབྲེལ་བྱས་ཏེ། གཞི་རིམ་ལས་བྱེད་པས་སྟོབས་ཤུགས་ཡོད་རྒུས་དང་དུས་ཚོད་དམ་འཛིན་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། རིམ་པ་མི་འདྲ་བ་དང་དམིགས་ས་མི་འདྲ་བའི་ཁྱད་ཆོས་ལ་ཁ་གཏད་དེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་འོས་འཚམ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐག་གཅོད་པ་དང་། མང་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་ཐད་ཀྱི་གྲུབ་འབྲས་མྱོང་ཚོར་བྱེད་ཐུབ་པར་བྱས་ནས། ཏང་གི་མི་དམངས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར། །

  རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有