ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ནུས་ཤུགས་ཡོད་རྒུས་བྲིས་པ།

2019-09-25 18:30:32     来源:ཀྲུང་གོ་བོད་ཀྱི་དྲ་བ།     责编:nake

  ཉེ་ཆར། 2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་སྐབས“མཚོ་སྔོན་གྱི་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སྣོད་བཅུད་མཛེས་ལྗོངས་ཀྱི་པར་རིས་སྟོན་པ་དང་། ཆེད་དོན་འཁྲབ་སྟོན་བྱས་པ། བརྗོད་དོན་གཙོ་བོ་འོས་སྦྱོར་བཅས་བྱས་པ་བརྒྱུད། མཚོ་སྔོན་གྱི་སྐྱེད་ཚལ་གྱིས་ཕྱོགས་ཁག་གི་སྐུ་མགྲོན་ཚང་མར་མཚོ་སྔོན་ཞིང་ཆེན་གྱི་ཉེ་བའི་ལོ་ཤས་རིང་གི་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། གཙང་གསུམ་ཆུ་འགོའི་མཛེས་སྡུག་ལྡན་པའི་པར་རིས་ཆུང་ངུ་ཞིག་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ཐོག་སྟོན་པ་རེད།

  མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་ས་མཐོར་གནས་ཡོད་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཤིག་རེད། སྔོན་ཆད་མིའི་རིགས་ཀྱི་བྱེད་སྒོ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ས་གནས་དེ་གའི་སྣོད་བཅུད་སྐབས་ཤིག་རིང་ཉམས་ཞན་དུ་ཚབས་ཆེན་ཕྱིན་པ་དང་། རྩྭ་ར་ཆུང་དུ་ཤུགས་ཆེན་ཕྱིན་ནས་ཆུ་བོ་ཡང་སྐམ་བཞིན་ཡོད།

  རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་གི་འབྲོག་པ་བསོད་བྷོའི་ཁྱིམ་གྱི་ཁྲོན་པ་ལས་རྨ་ཆུའི་ཆུ་འགོའི་ཐོན་ཁུངས་སྐམ་འགོ་ཚུགས་པའི་བརྒྱུད་རིམ་མངོན་ཐུབ། “དུས་རབས་20པའི་ལོ་རབས་80པར་ངས་ཁྲོན་པ་ཞིག་བྲུས་པ་ཡིན། སྨི་4ལས་མ་ཟིན་པར་ཆུ་དོན་ཡོང་། 1992ལོར་ངས་སླར་ཡང་ཁྲོན་པ་ཞིག་བྲུས་པ་ཡིན། སྐབས་དེ་དུས་སྨི་6ཟིན་སྐབས་གཞི་ནས་ཆུ་དོན་སོང་། 1997ལོར་སྨི་14བྲུས་པ་ཡིན། 2003ལོར་ག་ཚོད་བྲུས་ཀྱང་ཆུ་དོན་གྱི་མི་འདུག”ཅེས་བསོད་བྷོས་བརྗོད།

  སྣོད་བཅུད་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ངན་པ་འགོག་ཆེད། 2005ལོ་ནས་ད་བར། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་གཙང་གསུམ་ཆུ་འགོའི་སྣོད་བཅུད་སླར་གསོ་བཅོས་སྒྲིག་བྱ་རྒྱུར་སྒོར་དུང་ཕྱུར་180ལྷག་ཙམ་བཏང་ཡོད། མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲི་ཚོ་མང་པོས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས“སྣོད་བཅུད་ལ་བརྟེན་ནས་ཞིང་ཆེན་འཛུགས་པའི”འཐབ་ཇུས་སྐུལ་འདེད་ཏན་ཏིག་བཏང་བ་རེད།

  གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་GDPདཔྱད་ཞིབ་ཕྱོགས་ཡོངས་ནས་མཚམས་འཇོག་བྱས་པ་མ་ཟད། སྔ་རྗེས་སུ་སྦགས་བཙོག་མང་བ་དང་ནུས་པའི་ཟད་གྲོན་ཆེ་བའི་ཐོན་ལས་ཁག་གཅིག་སྒོ་བརྒྱབ་སྟེ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆ་90%ཙམ་ཞིག་བཟོ་ལས་བཀག་སྡོམ་མམ་ཡང་ན་ཚད་བཀག་བྱས་པའི་གསར་སྤེལ་ས་ཁོངས་སུ་བཅུག་པ་རེད། ལོ་14ཡི་རིང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཉམས་ཞན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ཞིང་ཆེན་ཆེ་མོ་དང་ཞིང་ཆེན་སྟོབས་ཆེན་དུ་ཧུར་ཐག་བསྒྱུར་བ་བྱས་པ་རེད།

  མི་ཐབས་ལ་བརྟེན་ནས་རྩྭ་གསབ་འདེབས་དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། བྱེ་ཐང་ཅན་བཅོས་སྒྲིག་བཅས་ཀྱི་འདུ་འགོད་རྒྱ་ཁྱབ་སྐྲུན་པ་དང་། 《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་ནན་པོ་བྱས་ནས་ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་དང་། ནགས་ལས། ཁོར་ཡུག་སྲུང་སྐྱོང་། ཆུ་བེད་བཅས་ཀྱི་ཁྲིམས་འཛིན་དབང་ཆ་བསྡུ་སྒྲིལ་བྱས་ནས་སྔར་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཆུང་ལོགས་དབྱེ་མེད་པ་བཟོས་པ་དང་། 2005ལོ་ནས་ད་བར་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་སྣོད་བཅུད་སྲུང་སྐྱོང་རྣམ་པ་འཛུགས་རྒྱུ་འཚོལ་ཞིབ་བྱེད་པའི་གོམ་སྟབས་མཚམས་འཇོག་བྱེད་མྱོང་མེད།

  ཉེ་ཆར། གསར་འགོད་པ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བརྟག་ཞིབ་བྱེད་པར་འབྱོར་བ་དང་། རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ཝ་ཞང་མཚོ་ས་ཁུལ་དུ་གསར་འགོད་པར་རྩྭ་ཐང་སྟེང་མཚེའུ་ཆེ་ཆུང་གྲངས་ལས་འདས་པ་མཐོང་བྱུང་བ་དང་ཉི་འོད་ཀྱི་བཀྲག་མདངས་ལས་དེ་སྔོན་གྱི་ཆུ་སྐམ་རྩྭ་སྐམ་གྱི་རྣམ་པ་མཐོང་རྒྱུ་མེད་པར་ཆགས་འདུག

  རྫ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་གསར་འགོད་པས་མུ་མཐའ་མེད་པའི་ཤིང་ནགས་སྟུག་པོ་རོང་ས་ནས་རི་རྩེའི་གངས་མ་བཞུར་བའི་མཚམས་སུ་ཡོད་པ་མཐོང་བྱུང་།

  འབྲི་ཆུའི་ཆུ་འགོར་གནས་པའི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་རྩྭ་ཐང་ནས་གསར་འགོད་པས་དུས་ཐུང་ཉིན་གཉིས་ནང་སྔ་རྗེས་སུ་གནའ་བ་དང་། གཙོད། ཁྲ་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་10ལྷག་ཙམ་མཐོང་བྱུང་། འོན་ཀྱང་སྔོན་མ་སྣོད་བཅུད་ཉམས་ཞན་དུ་ཕྱིན་པས་ས་གནས་དེར་བར་སྐབས་ཤིག་སྲོག་ཆགས་ཁ་ཤས་ཀྱི་རྗེས་ཤུལ་འཚོལ་ཐབས་བྲལ།

  “དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། རང་བྱུང་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག ཕྱིའི་བྱེད་སྟངས་ནས་ས་གནས་དེ་གའི་འབྲོག་པའི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཟབ་པ་དང་སྨད་རྒྱུད་དུ་དྭངས་གཙང་ཆུ་བོ་ཡུན་ནས་ཡུན་དུ་གནས་རྒྱུར་འབད་བརྩོན་ཧུར་ཐག་བྱས་པ་མཐོང་གི་འདུག”ཅེས་སི་ཁྲོན་གྱི་ཡུལ་སྐོར་བ་ཁྲེང་ཏིས་གསར་འགོད་པར་བརྗོད་བྱུང་།

  རྩོམ་སྒྲིག་པ། ཀླུ་མོ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有