ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཡུལ་སྐོར་ཁྲོམ་རར་དུས་ཆེན་སྔོན་གྱི་ཞིབ་བཤེར་ཆེན་མོ་བྱས་པ།

2019-09-25 18:30:32     来源:ཀྲུང་གོ་བོད་ཀྱི་དྲ་བ།     责编:nake

  རྒྱལ་སྟོན་ལ་བསུ་བ་དང་རིག་གནས་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་རིག་གནས་ཡུལ་སྐོར་ཁྲོམ་རར་མངོན་བཤེར་ལྐོག་ཞིབ་ཀྱི་བཅོས་སྒྲིག་བྱ་འགུལ་སྤེལ་བ་དང་ཁྲོམ་རའི་མངོན་བཤེར་ལྐོག་ཞིབ་ཚོགས་ཆུང་ལྔ་ཡིས་ཟི་ལིང་དང་། མཚོ་ཤར། མཚོ་ནུབ། མཚོ་ལྷོ། ཡུལ་ཤུལ་སོགས་གྲོང་ཁྱེར་དང་ཁུལ་གྱི་རིག་དངོས་སྲུང་སྐྱོང་ཚན་པ་དང་། སྤྱི་པའི་རིག་གནས་ཞབས་ཞུ་བྱ་ཡུལ།Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

  ལྐོག་བཤེར་ཚོགས་ཆུང་ལྔ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དྲ་ཐོག་ཞབས་ཞུའི་ལས་གཉེར་བྱ་ཡུལ་དུ་བསྐྱོད་དེ་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད། དྲ་ཐོག་ཞབས་ཞུ་བྱ་ཡུལ་གྱིས་ན་སོ་དར་ལ་མ་བབས་པའི་མི་དང་། གཏན་འབེབས་ལས་འགལ་ནས་མིང་ངོ་མ་མ་བཀོད་པར་དྲ་ཐོག་ཏུ་ཞུགས་པ། ལག་རྩལ་ལྟ་སྐུལ་དོ་དམ་བྱེད་ཐབས་རང་མཚམས་ཀྱིས་མཚམས་འཇོག་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་གཙོ་གནད་དུ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཡུལ་སྐོར་ཚོགས་པས་ཚད་ལྡན་གྱི་ཡུལ་སྐོར་གན་རྒྱ་འཇོག་མིན་དང་། ལུགས་དང་མི་མཐུན་པར་གོང་ཁེ་བའི་ཡུལ་སྐོར་བྱེད་མིན། རང་དགར་ཚོགས་པ་སྒྱུར་མིན། ཡུལ་སྐོར་བར་བཙན་ཤེད་ངང་འཛད་སྤྱོད་བྱེད་མིན། ཡུལ་སྐོར་ཐོབ་ཐང་མེད་པའི་ཡུལ་སྐོར་རླངས་འཁོར་བོགས་མར་གཏོང་མིན་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་སྒྲིག་བཀོད་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་དང་། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་མིན། དུས་ཆེན་གོང་གི་འཕྲལ་སྡོམ་བདེ་འཇགས་ནང་སྦྱོང་སྤེལ་མིན་བཅས་གཙོ་གནད་ཐོག་གྲལ་བཤེར་བྱས་པ་རེད། །

  རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有