ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བོད་ལྗོངས་ཀྱི་རིག་གནས་ཁེ་ལས་ཁྱབ་ཁོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

2019-09-25 18:30:32     来源:བོད་ལྗོངས་ཉིན་རེའི་ཚགས་པར།     责编:nake

  ཉེ་ཆར། བོད་ལྗོངས་ཀྱི་རིག་གནས་ཁེ་ལས་ཁྱབ་ཁོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། འཛིན་གྲྭ་གཉེར་དོན་ནི་ཏང་ཞུགས་ཧུར་བརྩོན་ཅན་གྱིས་ཏང་གི་གཞི་རྩའི་ཤེས་བྱ་རྒྱུས་མངའ་ཤེས་རྟོགས་ལོན་པ་དང་། ཏང་ཡོན་འཕེལ་རྒྱས་ཀྱི་གོ་རིམ་ནན་དུ་གཏོང་བ། ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་དགོས་མཁོ་སྐོང་ཆེད་ཡིན་པ་རེད།

  ད་ཐེངས་གསོ་སྦྱོང་གིས་རང་ལྗོངས་ཀྱི་རིག་གནས་ཁེ་ལས་ཁྱབ་ཁོངས་ཀྱི“གསར་གཉིས”རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཏང་འཛུགས་སྐྱོང་ལས་ཀའི་མྱུར་ཚད་དང་ཏང་ཞུགས་ཧུར་བརྩོན་ཅན་གྱི་མི་གྲངས་སོགས“ཨང་དང་པོ”མང་པོ་ཞིག་བཏོད་ཅིང་། རང་ལྗོངས་ཀྱི་རིག་གནས་ཁེ་ལས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་མིག་དཔེ་དང་ཚད་ཤིང་ཞིག་བཙུགས་པས། རང་ལྗོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་ཡིན་པ་རེད།

  གསོ་སྦྱོང་ནང་། ཏང་ཡོན་གསར་པ་དང་ཏང་ཞུགས་ཧུར་བརྩོན་ཅན་གྱིས་འབྲེལ་བ་ཆ་བཅུ་གསུམ་ཡང་དག་པའི་ངང་ཁོང་དུ་ཆུད་པ་དང་ཐག་གཅོད་བྱེད་པ་དང་། ལས་ཁུངས་ཏང་འཛུགས་སྐྱོང་ཐད་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཙོ་བོར་བྱས་པའི་ཏང་དོན་ལས་དོན་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་མ་དངུལ་གཏོང་མཁན་ལ་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་སྤེལ་བ་དང་། ཏང་ཞུགས་ཧུར་བརྩོན་ཅན་20ལྷག་ཙམ་ཚང་མས་དུས་ཐོག་ཏུ་གསོ་སྦྱོང་ནང་ཞུགས་ནས་བསམ་བློ་དང་བྱ་སྤྱོད་ཏང་རྩ་འཛུགས་ལ་ཕྱོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་ནང་སྔ་ཙམ་ཞུགས་ཐུབ་པའི་གྲ་སྒྲིག་བྱས་པ་རེད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有