ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གློག་བརྙན་འགྲེམས་སྟོན་དེ་དཔལ་ཨུ་རུ་སུའི་རྒྱལ་ས་མིང་སི་ཁེར་འཚོགས་པ།

2019-09-25 17:07:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་གློག་བརྙན་འགྲེམས་སྟོན་དེ་སྤྱི་ཚེས་༢༣ཉིན་གྱི་དགོང་མོ་དཔལ་ཨུ་རུ་སུའི་རྒྱལ་ས་མིང་སི་ཁེར་འཚོགས་ཡོད། གློག་བརྙན་འགྲེམས་སྟོན་རིང་རྒྱལ་བཙུགས་རླབས་ཆེན་བྱ་གཞག་ཅེས་པ་སོགས་ཀྲུང་གོའི་རྒྱལ་ནང་ནས་ཐོན་སྐྱེད་བྱེད་པའི་ཕུལ་བྱུང་བརྩམས་བྱ་དྲུག་བསྟན་ཡོད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་ནང་ཀྲུང་གོའི་གློག་བརྙན་ཐོན་ལས་ཀྱི་གོང་འཕེལ་ཐད་ཀར་མངོན་པར་བྱས་ཡོད་པ་དང་། རྣམ་པ་མི་འདྲ་བའི་ཐོག་ནས་ཀྲུང་གོའི་སྤྱི་ཚོགས་ཀྱི་འཕོ་སྒྱུར་མཚོན་པར་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有