ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་དེབ་གཙོ་བོ་ཁག་ཅིག་དཔེ་སྐྲུན་བྱས་པ།

2019-09-25 16:51:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་ཆེད། དཔེ་སྐྲུན་ལས་རིགས་ཀྱིས་༼ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་ངོ་འཕྲད་༽ཅེས་པ་དང་། ༼སྤྱི་ལོ་༡༩༤༩-སྤྱི་ལོ་༢༠༡༩ལོའི་བར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས་༽ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་པར་མ། ༼འོད་སྟོང་འཕྲོ་བའི་ལོ་ངོ་༧༠སྟེ། སྤྱི་ལོ་༡༩༤༩-སྤྱི་ལོ་༢༠༡༩ལོའི་བར་གྱི་ཀྲུང་གོ་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་༽ཞེས་པ། ༼ཀྲུང་གོ་གསར་པའི་ཆེས་མདོར་བསྡུས་ཀྱི་ལོ་རྒྱུས་སྟེ། སྤྱི་ལོ་༡༩༤༩-སྤྱི་ལོ་༢༠༡༩ལོའི་བར་གྱི་ལོ་འཁོར་གཏམ་རྒྱུད་༽ཅེས་པ། ༼ཀྲུང་གོ་གསར་པའི་ཞིང་ལས་འཕེལ་རྒྱས་ཀྱི་ལོ་ངོ་༧༠༽ཞེས་པ། ༼ང་རང་ནས་ཀྲུང་གོའི་དུས་རབས་གསར་པར་བལྟ་བ་༽ཞེས་པ། ༼ཀྲུང་གོར་ཇི་ལྟར་བལྟ་༽ཞེས་པ། ༼མེ་སྟག་ཆུང་ཡང་རི་བོ་འཚིག་༽ཅེས་པའི་ལེགས་སྒྲིག་དེབ། ༼ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠ནང་གི་སྒྲུང་གཏམ་རིང་གྲས་༧༠༽ཞེས་པའི་ཉར་ཚགས་དེབ་ཚོགས། ༼ཀྲུང་ཧྭ་མི་སྣའི་གཏམ་རྒྱུད་ཕྱོགས་བསྒྲིགས་དེབ་༽ཅེས་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་དཔེ་དེབ་ཁག་ཅིག་དཔེ་སྐྲུན་བྱས་ཡོད། བརྩམས་ཆོས་དེ་དག་གི་བརྗོད་བྱ་ཁ་གསལ་བ་དང་། བརྗོད་དོན་གསོན་ཉམས་དོད་ལ་ཁྱད་ཆོས་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ། རྩོམ་ལུགས་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有