ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་དབྱི་རག་གི་ཙུང་ལི་དང་གྲོས་མོལ་གནང་བ།

2019-09-25 16:45:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་23ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་དབྱི་རག་གི་ཙུང་ལི་ཨབ་ཏུ་ལ་ མ་ཧེ་ཏི་དང་གྲོས་མོལ་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོ་དང་དབྱི་རག་གཉིས་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་རིང་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་ཕྱོགས་ནས་དབྱི་རག་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སླར་གསོ་དང་། དཔལ་འབྱོར་སྤྱི་ཚོགས་བསྐྱར་འཛུགས་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་ཆེད་བྱས་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དབྱི་རག་ཕྱོགས་བར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། ཀྲུང་དབྱིའི་འཐབ་ཇུས་རོགས་པའི་འབྲེལ་བར་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་དང་།

ལི་ཁེ་ཆང་གིས། ཀྲུང་གོའི་ཕྱོགས་ནས་དབྱི་རག་གི་རྒྱལ་ནང་བསྐྱར་འཛུགས་ནང་ཐེ་ཞུགས་ཧུར་ཐག་བྱ་རྒྱུ་དང་། ཕྱོགས་གཉིས་པོའི་ཡུན་རིང་བརྟན་ལྷིང་གི་ནུས་ཁུངས་རོགས་པའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ། ཐོན་ནུས་དང་བཟོ་སྐྲུན་ལས་རིགས། ཞིང་ལས་སོགས་ཁྱབ་ཁོངས་གི་མཉམ་ལས་རྒྱ་ཆེ་རུ་གཏོང་བ། དབྱི་རག་གི་དཔལ་འབྱོར་སྣེ་མང་གོང་འཕེལ་འགྲོ་རྒྱུར་རོགས་རམ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེ་དབྱི་རག་ཕྱོགས་ཀྱི་བསྐྱར་འཛུགས་འཆར་འགོད་དང་འབྲེལ་མཐུད་སྔར་ལས་ལེགས་པ་བྱ་རྒྱུ་དང་། ཀྲུང་གོའི་ཁེ་ལས་དབྱི་རག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། དབྱི་རག་ཕྱོགས་ནས་ནུས་ཡོད་བྱ་ཐབས་བཟུང་སྟེ་ཀྲུང་གོའི་ཕྱོགས་ཀྱི་ལས་ཁུངས་དང་མི་སྣའི་བདེ་འཇགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཨབ་ཏུ་ལ་ མ་ཧེ་ཏིས། མིག་སྔར་དབྱི་རག་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་ཡག་ཤོས་སུ་གནས་ཡོད། དབྱི་རག་གིས་དམག་འཁྲུག་གི་དཀའ་སྡུག་བརྒྱུད་མྱོང་བ་དང་། ད་ཆ་ཁྱིམ་གཞིས་བསྐྱར་འཛུགས་བྱེད་བཞིན་ཡོད། ཀྲུང་གོ་ནི་ཞི་བདེར་དགའ་ཞེན་དང་མཉམ་ལས་ལ་བརྩི་མཐོང་བྱེད་པའི་རྒྱལ་ཁབ་གཅིག་ཡིན། དབྱི་རག་ཕྱོགས་ནས་ཀྲུང་གོའི་ཕྱོགས་བར་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་པའི་འབྱུང་ཁུངས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

གྲོས་མོལ་གནང་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཐུན་མོང་ཐོག་ཕྱོགས་གཉིས་དཔལ་འབྱོར་ལག་རྩལ་དང་དངུལ་རྩ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པའི་བདེན་དཔང་གནང་ཡོད།

གྲོས་མོལ་མ་གནང་གོང་། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཨབ་ཏུ་ལ་ མ་ཧེ་ཏིར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

ཉིན་དེའི་ཕྱི་དྲོ། ཨབ་ཏུ་ལ་ མ་ཧེ་ཏིས་གནམ་བདེ་སྒོ་མོ་ཕྱེ་ཐང་ཆེན་དུ་ཕེབས་ཏེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有