ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བཀྲིས་སྨོན་འདུན་ཞུས་པ་དང་། ཤང་ཀང་གི་གཞོན་རབས་རྣམས་ནས་དུས་རབས་ཀྱི་གོ་སྐབས་ལ་གཅེས་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ།

2019-09-25 16:06:00     来源:     责编:sangjzm

ཤང་ཀང་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བཀྲིས་སྨོན་འདུན་ཞུས་པ་དང་། ཤང་ཀང་གི་གཞོན་རབས་རྣམས་ནས་དུས་རབས་ཀྱི་གོ་སྐབས་ལ་གཅེས་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད། ཤང་ཀང་ལས་རིགས་ཁག་གི་མི་སྣས། རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་མཚམས་འདིར། ཚང་མས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བློ་སེམས་གཅིག་མཐུན་གྱིས་བཀྲིས་སྨོན་འདུན་ཞུ་རྒྱུའི་རེ་བ་ཡོད་ཅེས་དང་། ཁོང་ཚོས། གཡོས་ཀང་ཨའོ་ཁུག་པ་ཆེན་མོས་ཤང་ཀང་གི་གཞོན་རབས་རྣམས་ལ་གོང་འཕེལ་གྱི་གར་སྟེགས་དང་བར་ཁམས་རྒྱ་ཆེན་མཁོ་འདོན་ཐུབ་ཡོད་པས་གཞོན་རབས་རྣམས་ནས་འབྱུང་འགྱུར་གྱི་གོང་འཕེལ་གོ་སྐབས་དམ་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

ཤང་ཀང་ཁྲིམས་བཙུགས་ཁང་གི་གྲོས་མི་ཁྲེན་ཁའེ་ཤིན་གྱིས། ང་ཚོའི་རྒྱལ་ཁབ་གོང་འཕེལ་ཡག་པོ་བྱུང་ཕྱིན་ཤང་ཀང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཁོར་ཡུག རིག་གནས་སྤེལ་རེས་སོགས་ཕྱོགས་གང་གི་ཐད་ནས་ཀྱང་ས་གནས་གཉིས་པོའི་བར་མཉམ་ལས་ཡག་པོ་ཐུབ་ན་ཤང་ཀང་ལ་ཕན་པ་ཐོབ་ངེས་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有