ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་སྐབས་བཞི་པའི་ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་ཀྱི་གྲོས་དཔོན་གྲོས་ཚོགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ།

2019-09-25 16:04:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཞི་པའི་ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་གྲོས་དཔོན་གྱི་གྲོས་ཚོགས་སྤྱི་ཚེས་24ཉིན་ཧ་སག་སི་ཐན་གྱི་རྒྱལ་ས་ནུར་སུའུ་ཏན་དུ་འཚོགས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། དེང་གི་འཛམ་གླིང་དེ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་ལྡོག་ཆེ་བའི་གནས་བབ་ཐོག་གནས་ཡོད། མཉམ་ལས་བྱེད་དམ་ཡང་ན་ཁ་གཏད་དུ་ལངས། སྒོ་དབྱེ་བྱེད་དམ་ཡང་ན་བཀག་སྡོམ་བྱེད། གཉིས་ཕན་མཉམ་རྒྱལ་བྱེད་དམ་ཡང་ན་ཁྱོད་ཤི་ང་གསོན་བྱེད་པའི་ཐད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལན་ཁ་གསལ་སྐྱོན་གནང་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུའི་འདོད་ཚུལ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཏོན་གནང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས། རྒྱལ་ཁབ་ཁག་ཐུན་མོང་གོང་འཕེལ་ཡོང་བའི་གོ་སྐབས་ཀྱི་ལམ་བུ་དང་དར་རྒྱས་ཀྱི་ལམ་བུ་བསྐྲུན་རྒྱུ་བཏོན་གནང་ཡོད་ཅེས་གསུངས་པ་དང་།

ལི་ཀྲན་ཧྲུའུ་ཡིས། ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་ཁག་གིས་མཉམ་དུ་འབད་བརྩོན་བྱས་ཏེ། གླེང་མོལ་དང་ཡིད་ཆེས། མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནི་འབྲེལ་གཏུག་དང་གྲོས་མོལ་ལ་ཤུགས་སྣོན་རྒྱབ་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་སྐྱེད་བཏང་ནས། ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དགོས་པ། གསུམ་ནི་མི་ཆོས་སྤེལ་རེས་དམ་ཟབ་བྱས་ཏེ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ། བཞི་ནི་ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་ཀྱི་འབྲེལ་བ་གོང་འཕེལ་ལ་རམས་འདེགས་བྱེད་དགོས་པ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། ལོ་ངོ་70སོང་རིང་། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག འབད་འབུངས་ཡར་བརྩོན་དང་། འབད་འཐབ་ལྷོད་མེད་བྱས་ཏེ། མིའི་རིགས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་གི་ངོ་མཚར་གཏོད་ཡོད། ཀྲུང་གོའི་གོང་འཕེལ་ནི་ཞི་བདེའི་གོང་འཕེལ་ཡིན། ང་ཚོས་ཞི་བདེར་གཅེས་འཛིན་དང་། ཞི་བདེར་སྲུང་སྐྱོབ། རྒྱལ་ཁབ་ཁག་དང་འདྲ་མཉམ་གྱི་འབྲེལ་བ་འཛུགས་པ། འཆམ་མཐུན་མཉམ་གནས་བྱེད་པ་བཅས་ལས། ཆེ་བས་ཆུང་བ་གནོན་པ་དང་། སྟོབས་ཆེ་བས་ཉམས་ཞན་ལ་བརྙས་བཅོས་བྱེད་པ། ཕྱུག་པོས་དབུལ་ཕོངས་ལ་ཐུབ་ཚོད་གཏོང་བ་བཅས་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོའི་གོང་འཕེལ་ནི་མཉམ་ལས་ཀྱི་གོང་འཕེལ་ཡིན། ང་ཚོས་ཁ་དན་ཚིག་གནས་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་གོང་འཕེལ་དམ་དུ་འབྲེལ་བ་ལས། རང་ཕན་གཞན་གནོད་དང་རང་ཉེས་གཞན་འགེལ་གྱི་བྱ་བ་རྩ་བ་ནས་བྱེད་མི་སྲིད། ཀྲུང་གོའི་གོང་འཕེལ་ནི་སྒོ་དབྱེའི་གོང་འཕེལ་ཡིན། ང་ཚོས་རྒྱལ་སྒོ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་ལས། བཀག་སྡོམ་དང་གཞན་པ་ཕྱིར་འབུད་ཀྱི་ཚོགས་པ་ཆུང་ཆུང་བཟོ་མི་སྲིད་ཅེས་གསུངས་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། ཀྲུང་གོ་ནི་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེན་མོའི་ཁོངས་ཡིན་པས། ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་རྣམས་མཉམ་ལས་ཀྱི་རོགས་པ་གལ་ཆེན་ལ་རྩིས་ཀྱི་ཡོད། ང་ཚོས་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས། མཉམ་ལས་གྲུབ་འབྲས་ཀྱིས་དེ་བས་ཡག་པའི་ངང་ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

གྲོས་དཔོན་དང་གྲོས་དཔོན་གཞོན་པ་50ལྷག་ཚུད་པའི་རྒྱལ་ཁབ་65དང་རྒྱལ་སྤྱིའི་སྒྲིག་འཛུགས་14ཡི་འཐུས་མི་སྐབས་འདིའི་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有