ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་ཡུས་ཡན་གྱིས་ཡུལ་ཤུལ་དུ་བརྟག་ཞིབ་གནང་སྐབས། མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཐོ་སྒང་ལ་འཕྲོད་ཐབས་བྱས་ནས་མཚོ་སྔོན་གྱི་གྲུབ་འབྲས་བྱ་གཞག་ནང་ཞུགས་དགོས་ཞེས་ནན་བཤད་བྱས།

2019-09-25 15:42:00     来源:     责编:sangjzm

མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ཝང་ཡུས་ཡན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཝང་ཡུས་ཡན་པེ་ཅིང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་དང་ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་དུ་བསྐྱོད་དེ། མཚོ་སྐྱོར་ལས་བྱེད་པ་དང་སློབ་གསོ་སྨན་བཅོས་ཚོགས་པའི་ཆེད་ལས་ལག་རྩལ་ཤེས་ལྡན་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ། ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་འཚམས་འདྲི་ཡང་བརྒྱུད་བསྒྲགས་བྱས་པ་རེད། ཚང་མས་མི་སྣ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། འཐབ་ས་དང་པོར་བསྐྱོད་ནས་བརྟག་ཞིབ་བྱེད་པ། བརྩེ་སེམས་བཅངས་ནས་ལས་དོན་ནང་ཞུགས་པའི་སྤྲོ་སེམས་བཅས་ལ་ཁས་ལེན་གང་ལེགས་བྱས་བ་རེད། ཁོང་གིས་མཚོ་སྔོན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱ་ཆེའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དགོས་ཀྱི་ཡོད། རྒྱ་ཆེའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་རང་འགུལ་ངང་མཐོ་སྒང་ལ་འཕྲོད་ཐབས་བྱེད་པ་དང་། བདེ་ཐང་དང་ལས་ཀ་གཙོ་གནད་དུ་བྱས་ཏེ། གཟུགས་པོར་བདག་གཅེས་ཡག་པོ་བྱེད་པ་དང་། རང་འཁྲིའི་ལས་གནས་ཐོག་གཞི་བཙུགས་ནས་ལེགས་སྐྱེས་འབུལ་པའི་རེ་བ་ཡོད། མཚོ་སྔོན་གྱི་ལས་དོན་ལ་ཧུར་ཐག་ངང་ཞུགས་ནས་རང་ཉིད་མཚོ་སྔོན་པ་ཞིག་ཏུ་བརྩི་བ་དང་། མཚོ་སྔོན་ཕ་ཡུལ་གཉིས་པར་བརྩིས་ནས་སེམས་རྣལ་དུ་ཕབ་པ་དང་། ལུས་སྒུར་ནས་བོད་རིགས་ས་ཁུལ་ལ་བརྩེ་སེམས་འཆང་བ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱེད་དགོས། དངོས་སྒྲུབ་ལ་བརྟེན་ཏེ་བྱ་གཞག་ལ་གྲུབ་འབྲས་ཐོབ་པ་བྱས་ནས། མཚོ་སྐྱོར་ལས་དོན་དེ་འཇོན་ཐང་འདོན་པའི་གར་སྟེགས་ཆེན་པོ་ཞིག་ཏུ་བརྩིས་ཏེ་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ལག་ལེན་ཁྲོད་བློ་སྟོབས་སྦྱོང་བརྡར་དང་། ཀུན་སྤྱོད་སྦྱོང་བརྡར། འཇོན་ཐང་ཆེར་གཏོང་བཅས་བྱས་ཏེ་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་གཏོད་དགོས་ཞེས་བརྗོད།

ཝང་ཡུས་ཡན་གྱིས་རིམ་པ་ཁག་གི་ཏང་ཨུ་དང་དེའི་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཚོ་བའི་ཐད་སྤྲོ་སེམས་འཁོལ་བའི་ཐུགས་ཁུར་བྱས་པ་དང་། ལས་ཀའི་ཐད་བློ་རྒྱ་ཆེན་པོས་རྒྱབ་སྐྱོར་བྱེད་པ། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ་ཁོང་ཚོའི་འཇོན་ཐང་དང་ནུས་པ་གལ་ཆེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འདོན་སྤེལ་ཡག་པོ་བྱས་ཏེ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་མཚོ་སྐྱོར་ལས་ཀའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有