ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ།

2019-09-25 15:33:00     来源:     责编:sangjzm

དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་གི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད། 

ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས“དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་གི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་མེ་ཏོག་རྫོང་འབྲས་སྤུངས་ཤང་མི་དམངས་སྲིད་གཞུང་གི་ཁོའོ་ཡོན་ཀའོ་རུང་དང་། སྤོ་མེས་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་དཀོན་མཆོག་འབྱུང་གནས། བསོད་ནམས་རྣམ་རྒྱལ། སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་འབུལ་མཁན་བྲག་ཡིབ་ཆུས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ལུའེ་དབན་རུང་། བྲག་ཡིབ་ཆུས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”བྱེད་སྒོའི་གཞུང་ལས་ཁང་གི་ཁོའོ་ཡོན་ཧོང་ཧའེ་ཧྥེན། སྨིན་གླིང་རྫོང་རུན་ཤིན་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧན་ཡུས། མེ་ཏོག་རྫོང་འབྲས་སྤུངས་ཤང་གཏེར་ཀོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཝེ་ཅུན་སོགས་བློ་མཐུན་6གིས་སྔ་རྗེས་སུ《ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅང་ནས། མི་དམངས་ལ་ཞབས་འདེགས་ཞུ་བ》དང་། 《བདེན་པའི་རྒྱབ་ལངས་བྱས་ནས་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་། ལས་གཅེས་ལས་བརྩོན་བྱས་ནས་དུས་རབས་ཀྱི་གདོང་ལེན་པ་བརྩོན་ལེན་བྱེད》《ཏང་གི་བུ་ཕྲུག་བཟང་པོ་བསོད་ནམས་རྣམ་རྒྱལ》《ཉི་མའི་འོག་གི་ཆེས་མཛེས་སྡུག་ལྡན་པའི་བྱ་གཞག་གི་ཆེད་དུ》《དམག་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་རང་མདངས་མི་འགྱུར་བ། ནམ་ཡང་ཏང་གི་བུ་ཕྲུག་བཟང་པོ་བྱེད》《དཔའ་མཛངས་རྟུལ་ཕོད་ངང་དུས་རབས་གསར་པར་མདུན་སྐྱོད་བྱེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད》བཅས་བརྗོད་དོན་དུ་བྱས་ཏེ་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་བྱས་རྗེས་སྙན་ཞུ་འབུལ་བ་རེད།

སྐབས་དགུ་པའི་རྒྱལ་ཡོངས་ཀྱི“མི་དམངས་ཀྱི་བློར་བབ་པའི་གཞུང་ལས་པ།” མེ་ཏོག་རྫོང་འབྲས་སྤུངས་ཤང་མི་དམངས་སྲིད་གཞུང་གི་ཁོའོ་ཡོན། འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། ཧྲུའུ་ཅི་དང་པོ་ཀའོ་རུང་གིས“སྒྲོག་འགྲེལ་སྙན་སྒྲོན་བྱེད་པའི་ཉིན་བཞིའི་རིང་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། ངས་རང་ཉིད་ཀྱི་བྱས་རྗེས་བརྗོད་པ་མ་ཟད། ད་དུང་ཁོང་ཚོའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ཕྱིན་ཆད་འགོ་ཁྲིད་ཚན་ཁག་གི་སྣེ་ཡག་པོ་ཁྲིད་པ་དང་གྲོང་མི་ཚོའི་སྣེ་ཁྲིད་བྱས་ནས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཏེ་ཚང་མས་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།

སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་མཁན། རང་སྐྱོང་ལྗོངས་དུས་རབས་ཀྱི་དཔེ་བཟང་བསོད་ནམས་རྣམ་རྒྱལ་གྱི་སྔོན་ཐོན་དཔེ་མཚོན་བྱས་རྗེས་ཀྱི་སྙན་ཞུ་འབུལ་མཁན། བྲག་ཡིབ་ཆུས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ལུའེ་དབན་རུང་གིས་གསར་འགོད་པར“ཁོང་ཚོའི་སྙིང་སྟོབས་ཐོག་ནས་ངས་ཁོ་ཚོ་ཚང་མར་ཕུགས་བསམ་དང་སྙིང་རུས་ཀྱི་སྙིང་སྟོབས་ཡོད་པ་མཐོང་བྱུང་། ངས་བྱས་ན་བརྩེ་བ་ཡོད་ན་བྱ་གཞག་ལ་གྲུབ་འབྲས་ཐོབ་ངེས་རེད། ད་ཐེངས་ཀྱི་སྒྲོག་འགྲེལ་བརྒྱུད་རིམ་ནང་། ང་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས། ངས་ཁོ་ཚོའི་ལུས་ཐོག་དང་། ཁོ་ཚོའི་སྙིང་སྟོབས་ཐོག་ནས་ཤེས་རྟོགས་མང་པོ་བྱེད་ཐུབ་བྱུང་། སླད་ཕྱིན་གྱི་ལས་ཀའི་ནང་ངས་ཁོ་ཚོའི་སྙིང་སྟོབས་དར་སྤེལ་བཏང་ནས་གཅེས་སེམས་ཚང་མར་འབུལ་རྒྱུ་ཡིན”ཞེས་བརྗོད།

“གཟི་བརྗིད་ཆེན་པོའི་རྒྱབ་ཏུ་ལྗིད་ཏིག་ཏིག་གི་འགན་འཁྲི་ཡོད། ངས་ངེས་པར་དུ་དེ་བས་བློ་བརྟན་འགྱུར་མེད་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་ཉིང་ཁྲིའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་མི་སྣའི་མིག་དཔེ་བཟང་པོ་བྱས་ནས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཉིང་ཁྲིའི་ཁེ་ལས་ཀྱི་སྣེ་ཁྲིད་དེ་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཡག་པོ་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་ལས་གཏོད་བྱེད་པའི་སྲོལ་རྒྱུན་བཟང་པོ་བརྟན་སྲུང་བཅས་བྱས་ནས་ལས་གཏོད་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་དེ་ཐོག་མཐའ་བར་གསུམ་དུ་ཐོན་ལས་སྐུལ་ཁྲིད་དང་། ལས་ཞུགས་སྐུལ་ཁྲིད། རོགས་སྐྱོར་སྐུལ་ཁྲིད་བཅས་ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན”ཞེས་2018ལོའི་ཉིང་ཁྲི་གྲོང་ཁྱེར་གྱི“ཀུན་སྤྱོད་དཔེ་བཟང་།” སྨིན་གླིང་རྫོང་རུན་ཤིན་འཛུགས་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧན་ཡུས་ཀྱིས་བཤད།

སྙན་ཞུའི་ཚོགས་འདུའི་ཐོག སྙན་ཞུ་འབུལ་མཁན་ཚང་མའི་སྐད་ཆ་བབ་ཆགས་པ་དང་། བརྩེ་སེམས་ཟབ་པ། སེམས་འགུལ་ཐེབས་པ། བློ་གསལ་དོན་རྟོགས་བཅས་ཡོད་པས། ཡུལ་དངོས་ཀྱི་སྙན་ཞུ་ཉན་མཁན་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད། སྙན་ཞུ་ཚང་མས་ཉན་མཁན་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཤིང་སྟོབས་ཤུགས་ཆེན་པོ་སྦྱིན་ཡོད། དེར་བཞུགས་ཉན་མཁན་ཚང་མར་བསམ་པའི་ཉམས་སད་ཐེག་པ་དང་། སེམས་གཏིང་ལ་སེམས་འགུལ་ཐེབས་པར་བྱས་པས། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有