ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལོ་ངོ་70ཡི་ལོ་ཟླའི་འགྱུར་ལྡོག་དང་འཕེལ་རྒྱས།

2019-09-25 15:22:00     来源:     责编:sangjzm

འདི་ནི་2019ལོའི་ཟླ་6ཚེས་27ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་བསོད་སྐྱིད་ཐང་ཤང་ཚྭ་བོར་རྟ་བོར་གྲོང་ཚོར་རྫོང་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ཀྲན་ཀྲང་ལིའུ་ཝུན་ཤན་གྱིས་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣར་ཐུམ་འབུའི་ནད་འགོག་བཅོས་བྱེད་སྟངས་འགྲེལ་བཤད་རྒྱག་བཞིན་པ།

སྔོན་ཆད་རང་རྒྱལ་གྱི་ཕྱུགས་རིགས་སྨན་པ་མང་ཆེ་བས་སྲོལ་རྒྱུན་གྱི་ཉམས་མྱོང་ལ་བརྟེན་ནས་ཕྱུགས་ནད་བཅོས་པ་ལས་ཆེད་ལས་ཀྱི་གསོ་སྦྱོང་བྱེད་ཉུང་ཉུང་རེད། ད་ཆ་གཞི་རིམ་གྱི་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ལས་དོན་མི་སྣ་མང་ཆེ་བར་བརྒྱུད་རིམ་ལྡན་པའི་ཕྱུགས་རིགས་སྨན་པའི་ལས་རིགས་སློབ་གསོའི་གསོ་སྦྱོང་བྱས་ཡོད། ཁོང་ཚོ་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་དེང་རབས་ཅན་གྱི་དཔེ་སྟོན་དང་འཕྲིན་གཏོང་བྱ་ཐབས་བརྒྱུད་སྲོག་ཆགས་ཀྱི་རིམས་འགོག་མི་སྣ་དང་འབྲོག་པར་ཞིང་འབྲོག་ལས་ཀྱི་གསོ་ཚགས་དང་། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཏེ་ས་གནས་ཀྱི་འབྲོག་ལས་དར་རྒྱས་གོང་འཕེལ་ཡོང་རྒྱུར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། 1952ལོར་རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་679ལས་ཟིན་གྱི་མེད། 2018ལོར་ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་90ཡི་འགག་སྒོ་ཆེ་མོ་ལས་སྒྲོལ་ཡོད། ལོ་ངོ་70ཡི་རིང་ཀྲུང་གོ་འདི་ཉིད་སྒོ་རྒྱག་རྗེས་ལུས་ནས་སྒོ་དབྱེ་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པ་དང་། ལྟོ་གོས་མི་འཛོམས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ། ཡུན་རིང་ཉམས་རྒུད་ནས་དར་རྒྱས་སྟོབས་འབྱོར་ལྡན་པའི་ཕྱོགས་སུ་བསྐྱོད་དེ་མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་ངོ་མཚར་བཏོད་ཡོད་པ་རེད།

འདི་ནི་1959ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་དུ་ཕྱུགས་རིགས་སྨན་པ་ཡུས་ཀྲུང་ཞུའེ་ཡིས་འབྲོག་པར་བེའུ་ཡི་རྒྱུ་ལམ་བཅོས་ཐབས་དང་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་རྒྱག་བཞིན་པ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有