ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཞིང་ཆེན་གྱི་ཚོགས་པ4དང་མི9ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱས་རྗེས་འབུར་ཐོན་ཅན་གྱི་བྱ་དགའ་ཐོབ་པ།

2019-09-24 17:01:00     来源:     责编:nake

  ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ཀྱི་རྨོ་བསྐྱུར་ནགས་འཛུགས་དང་རྩྭ་འདེབས་ལས་དོན་ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧེའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ་དང་། ཧུའུ་ཀྲུའུ་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་ཞིང་ཆེན་རྩྭ་ཐང་སྤྱི་ཁྱབ་ས་ཚིགས། མཚོ་སྔོན་ཞིང་ཆེན་སྨར་ཁོག་ཆུ་བོ་ནགས་ལས་ཅུའུ་བཅས་ལས་ཁུངས་བཞི་དང་། ཧྥན་ཡན་ཤིན་དང་། ཁྲེན་ཧྲེང་ཝུའུ། ཀྲའོ་ཕིང་། བློ་བཟང་ཚེ་རིང་། ལི་ཧུང་ཀྲན། རིན་ཆེན་དོན་གྲུབ། ཞུའུ་པོའོ། ཝང་རུང་། ཀུན་བཟང་ཚེ་རིང་བཅས་མི9ལ“རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱས་རྗེས་འབུར་ཐོན་ཅན་གྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

  ད་ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་ཁག་གི་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་ནགས་ཚལ་དང་རྩྭ་ཐང་ལས་དོན་གྱི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་རང་རྟོགས་ངང་ཕྲག་ཏུ་འཁུར་བ་དང་། ཐོག་མཐའ་བར་གསུམ་དུ“དྭངས་ཤིང་གཙང་བའི་རི་ཆུ་ནགས་གསུམ་འཛུགས་སྐྱོང་དང་། མི་དམངས་ཀྱི་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་ཀྱི་དགོས་མཁོ་ཆེན་པོ་བསྐངས་རྒྱུ”འགན་འཁྲིར་བརྩིས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ཀྱི་འགན་འཁྲི་ལག་བསྟར། འགན་འཁྲི་འཁུར་ཕོད་པ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་བརྩོན་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བྱ་བའི་འཛུགས་སྐྲུན་མཁན་དང་སྲུང་སྐྱོང་མཁན་བཟང་པོ་ཞིག་བྱས་ཡོད་པ་རེད།

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有