ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཚད་ལྡན་ཡིག་ཆའི་ཆེད་དོན་པར་གཞི་ཆེ་གྲས་ང་ཚོ་ལམ་ཆེན་སྟེང་བསྐྱོད་བཞིན་ཡོད་ཅེས་པར་སྤྱི་ཚོགས་ལས་རིགས་ཁག་གིས་ལན་ཆ་ཆེན་པོ་བྱས་པ།

2019-09-24 15:38:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལེའུ་ཉི་ཤུ་རྩ་བཞི་ཡོད་པའི་ཚད་ལྡན་ཡིག་ཆའི་ཆེད་དོན་པར་གཞི་ཆེ་གྲས་ང་ཚོ་ལམ་ཆེན་སྟེང་བསྐྱོད་བཞིན་ཡོད་ཅེས་པ་དེས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དང་བྱ་དོན་གལ་ཆེན་གཏིང་ཟབ་མངོན་ཡོད་པ་དང་། ཀྲུང་གོ་གསར་པས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་མངོན་ཡོད་པ་རེད། སྤྱི་ཟླ་9པའི་ཚེས་16ཉིན་ནས་བསྟན་འགོ་ཚུགས་ཚུན། སྤྱི་ཚོགས་ལས་རིགས་ཁག་གིས་ལན་ཆ་ཆེན་པོ་བྱས་ཡོད་པ་རེད།

ང་ཚོ་ལམ་ཆེན་ཐོག་བསྐྱོད་བཞིན་ཡོད་ཅེས་པའི་ལེའུ་1པོ་ནས་ལེའུ་14ཡི་བར་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བསྒྱུར་བཅོས་སྒོ་དབྱེ་བྱེད་པའི་བར་དང་། དེ་ནས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པ་དང་འཛམ་གླིང་དང་མཉམ་འདྲེས་བྱེད་པའི་བར། ཀྲུང་གོར་ཐོབ་པའི་སྤྱིར་བཏང་མ་ཡིན་པའི་གོང་འཕེལ་གྱི་གྲུབ་འབྲས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ནས་དཀའ་ཚེགས་ཆེ་བའི་ལམ་བུ་བརྒྱུད་པ་དང་། དཀའ་ངལ་ཁྲི་སྟོང་མང་པོ་ཁྱད་དུ་བསད་ནས། འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་པའི་རླབས་ཆེའི་ལོ་རྒྱུས་སྙན་ངག་གཏོད་པ་རྣམས་རྒྱས་བཤད་བྱས་ཡོད་པ་རེད།

ཧོ་པེ་དགེ་འོས་སློབ་ཆེན་ཀྲུང་གོའི་དེང་རབས་དང་ཉེ་རབས་ལོ་རྒྱུས་ཀྱི་དགེ་རྒན་ཆེན་མོ་ཀྲང་དུང་ལེ་ཡིས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་ངོ་70ནི་དཀའ་ཚེགས་དང་ཀྱག་ཀྱོག་ཁྲོད་ཟམ་མི་ཆད་པར་འཚོལ་ཞིབ་བྱས་པ་དང་། ཟམ་མི་ཆད་པར་མདུན་སྐྱོད་བྱས་པ་ཞིག་ཡིན། ང་ཚོས་ལམ་ཆེན་ཐོག་བསྐྱོད་པ་ནི་དོན་དངོས་ཐོག་ང་ཚོ་ཀྲུང་གོ་བས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱས་པ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

མི་དམངས་ནི་བསྒྱུར་བཅོས་ཀྱི་ཐེ་ཞུགས་པ་ཡིན་ལ། གོང་འཕེལ་གྲུབ་འབྲས་མཉམ་སྤྱོད་བྱེད་མཁན་ཡང་ཡིན། མེས་རྒྱལ་གོང་འཕེལ་བྱུང་བའི་ཕན་པ་ཆེ་ཤོས་ཐོབ་མཁན་ནི་མི་དམངས་ཁྲི་སྟོང་མང་པོ་ཡིན། རྒྱ་ཆེའི་གཟིགས་མོ་བས། དུས་རབས་གསར་པར་མུ་མཐུད་འབད་འཐབ་བྱས་ཏེ་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཡེ་ཤེས་ཆོས་ཉིད་ཀྱིས། དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོར་ངེས་དགོས་པ་དང་། རང་ཉིད་ཀྱི་ཆེད་ལས་ཤེས་བྱ་ལེགས་གྲུབ་བྱས་པའི་རྨང་གཞིའི་ཐོག ཕུགས་བསམ་ཡོད་པ་དང་འགན་སེམས་ཡོད་པའི་སློབ་ཆེན་སློབ་མ་ཞིག་བྱས་ནས། མིག་སྔའི་འཚོ་བར་གཅེས་འཛིན་དང་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ང་ཚོ་ལམ་ཆེན་ཐོག་བསྐྱོད་བཞིན་ཡོད་ཅེས་པ་དེ་སྨྱན་སྦྱོར་གསར་པའི་ཐོག་བཏོན་ནས་ཉིན་བཅུ་སོང་རིང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་པོད་ཕྲན་དང་། འཕྲིན་ཕན། མཁོ་མཁན་ཕྱོགས་སོགས་སྟེགས་བུའི་འབྲེལ་ཡོད་བརྗོད་གཞི་བལྟ་ཀློག་བྱེད་ཐེངས་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལྷག་ཟིན་ཡོད་པ་དང་། ཚང་མས་དཔྱད་གཏམ་སྤེལ་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有