ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་ཆི་ཧྲན་གྱིས་སོ་ལོ་མོན་གླིང་ཚོམ་གྱི་ཕྱི་འབྲེལ་པུའུ་ཀྲང་དང་མཇལ་འཛོམས་གནང་བ།

2019-09-24 14:35:00     来源:     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་རུ་སོ་ལོ་མོན་གླིང་ཚོམ་གྱི་ཕྱི་འབྲེལ་པུའུ་ཀྲང་མ་ནའེ་ལའེ་དང་མཇལ་འཛོམས་གནང་ཡོད།

ཝང་ཆི་ཧྲན་གྱིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་ལ་ཉེ་བའི་མཚམས་འདིར། ཀྲུང་གོ་དང་སོ་ལོ་མོན་དབར་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད་པས། དོན་སྙིང་ཆེན་པོ་ལྡན་ཡོད། སོ་ལོ་མོན་གླིང་ཚོམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི། འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་ཡང་དག་པའི་ཐག་གཅོད་ཡིན་པ་དང་། འཐབ་ཇུས་ཀྱི་མིག་རྒྱང་དང་ཆབ་སྲིད་ཀྱི་བློ་གཤོག་མངོན་ཡོད། ཉེ་བའི་ལོ་ཤས་ནང་། ཀྲུང་གོ་དང་ལྷོ་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གང་ལེགས་བྱུང་བ་དང་། མ་འོངས་པའི་མདུན་ལམ་རྒྱ་ཆེན་པོ་ཡོད། སོ་ལོ་མོན་གླིང་ཚོམ་ནི་ལྷོ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་གལ་ཆེན་གྱི་གླིང་ཕྲན་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་དབར་ཕྱི་འབྲེལ་འབྲེལ་བའི་འགན་ལེན་འོག ཕྱོགས་གཉིས་པོས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། འབྱུང་ཁམས་ཤེས་དཔལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་ཐུབ་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་རྒྱུ་རེད་ཅེས་གསུངས་ཡོད།

མ་ནའེ་ལའེ་ཡིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཀ་ཝ་ལའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུས་ཡོད་ཅིང་། ཁོང་གིས། སོ་ལོ་མོན་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་རྗེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱོན་ཡོངས་འཕེལ་རྒྱས་ལ་འགྲོ་ལམ་སྔར་བས་ཡངས་སུ་བཏང་ཡོད། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཞུས་ནས། སོ་ལོ་མོན་གླིང་ཚིམ་དང་ཀྲུང་གོའི་འབྲེལ་བའི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་

中央广播电视总台 版权所有