ལི་ཁེ་ཆང་ཀྲུང་ཨ་ཁེ་ལས་མཁས་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་པ་མ་ཟད། ཨ་རིའི་ཕྱོགས་ཀྱི་སྐུ་ཚབ་དང་བཞུགས་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་10ཉིན་གྱི་ཕྱི་དྲོ་ཀྲུང་ནན་ཧའེ་ཙི་ཀོང་ཚོམས་ཆེན་དུ་ཀྲུང་གོར་ཀྲུང་ཨ་ཁེ་ལས་མཁས་པའི་གླེང་མོལ་ཚོགས་འདུའི་ཨ་རིའི་ཕྱོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་གནང་ཡོད། ཨ་རིའི་བཟོ་ཚོང་ཁེ་ལས་ལས་རིགས་དང་དེ་སྔའི་མཐོ་རིམ་སྐུ་ཚབ་ནས་ཀྲུང་ཨ་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སོགས་ལ་གཞིགས་ཏེ་གཟིགས་སྟངས་དང་དགོངས་འཆར་གླེང་ཡོད། ལི་ཁེ་ཆང་ནས་ཁོང་རྣམ་པ་དང་བཞུགས་མོལ་གནང་ཡོད། ལི་ཁེ་ཆང་གིས། ད་ལོ་ནི་ཀྲུང་ཨ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཡིན། ལོ་ངོ་40འི་ནང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་ཕྱིན་ནས། གཉིས་ཕན་མཉམ་རྒྱལ་བྱུང་ཡོད། ཀྲུང་ཨ་ཁག་སོ་སོ་ནི་འཛམ་གླིང་ཐོག་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་བར་ཐུན་མོང་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་ལ་གཞིགས་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། ཕྱོགས་གཉིས་པོས་དང་ལེན་ཐུབ་པའི་ཕྱོགས་འགལ་ཐག་གཅོད་བྱེད་པའི་བྱ་ཐབས་རྙེད་པ་བྱེད་དགོས་ཞེས་གསུངས་ཡོད། ལི་ཁེ་ཆང་གིས། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་སྔར་བས་ཆེ་བ་ཕྱེ་རྒྱུ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་ཆེད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། རྒྱལ་ནང་དུ་ཐོ་འགོད་བྱས་པའི་ཕྱི་ནང་མ་རྩའི་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་རྒྱུ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱ་རྒྱུར་སྔར་བས་མཐོང་ཆེན་བྱ་རྒྱུ་ཡིན། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཁྱོན་ཡོངས་ནས་སྒོ་དབྱེ་བྱས་ཟིན་པ་དང་། ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེར་ཀྱང་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོར་ཁྲོམ་ར་རྒྱ་ཆེན་པོ་ཡོད་པས། ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ནས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་སྔར་བས་ཡག་པ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཨ་རིའི་ཕྱོགས་ཀྱི་སྐུ་ཚབ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཁོང་རྣམ་པས། འདི་བཞུགས་ཨ་རི་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་ཨ་ཀྲུང་འབྲེལ་བའི་གོང་འཕེལ་དང་། ཀྲུང་གོར་ལས་སྒོ་རྒྱ་སྐྱེད་ཧུར་ཐག་གཏོང་བ། ཀྲུང་གོའི་བར་གྱི་མ་འཇོག་རྒྱ་སྐྱེད་གཏོང་བ། ཡུན་རིང་གི་མཉམ་ལས་གོ་སྐབས་འཚོལ་བ་བཅས་ནང་ཞུགས་པ་མ་ཟད་བདེན་དཔང་ཀྱང་བྱས་ཡོད། ཨ་རིའི་ཁེ་ལས་ནས་ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་བྱ་རྒྱུའི་བྱ་ཐབས་གསར་པར་སྐུལ་མ་ཆེན་པོ་ཐེབས་བྱུང་། རྒྱང་རིང་གི་མིག་རྒྱང་ཐོག་ནས་མིག་སྔའི་ཨ་ཀྲུང་དཔལ་འབྱོར་ཉོ་ཚོང་རྩོད་གཞིར་ལྟ་སྟངས་འཛིན་རྒྱུ་དང་། ཀྲུང་གོའི་བར་གྱི་དཔལ་འབྱོར་འབྲེལ་བ་ཉམས་དམས་སུ་གཏོང་བའི་བྱེད་སྟངས་ལ་ངོ་རྒོལ་བྱ་རྒྱུ། ཨ་ཀྲུང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་ཐག་ཆད་པ་གཏན་ནས་མཐོང་འདོད་བྱེད་ཀྱི་མེད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་རྒྱུ་དང་། གང་སྔ་གྲོས་མཐུན་འཇོག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་བར་ཨ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་རྙེད་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་གནང་ཡོད། ཧོ་ལི་ཧྥེང་དང་ཙེང་ཕི་ཡན་གོང་གསལ་བྱེད་སྒོར་བཞུགས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།