ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ཀྱིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཀྲའོ་ལེ་ཅི་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་༼སྤྱོད་ཚུལ་ངན་པ་བཞིར་༽ངོ་རྒོལ་བྱེད་པའི་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡི་མཛུབ་སྟོན་བླང་བྱ་ལྟར། སྤྱི་ཚེས་༡༠ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ཀྱིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྐོང་འཚོགས་བྱས་ཡོད།

གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དང་། སྦྱངས་ནས་ཤེས་པ། ཤེས་ནས་སྤྱོད་ཐུབ་པ་བཅས་བྱ་དགོས་པ་དང་། ཆབ་སྲིད་ཀྱི་གནས་སྟངས་སྔར་བས་མཐོ་རུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ཆེན་པོས་དོན་འཁྱོལ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་སྒུལ་ཤུགས་སུ་བྱེད་པ། ལས་ཀའི་གཙོ་གནད་མངོན་གསལ་དུ་འཇོག་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། ལོངས་སྤྱོད་རིང་ལུགས་དང་། བག་མེད་ཆུད་ཟོས་གཏོང་བའི་རིགས་གཙང་བཅོས་བྱེད་པ། སྤྱོད་ཚུལ་ངན་པ་བཞི་རྒྱུན་མཐུད་དུ་ཡོ་བསྲང་བྱེད་པ། དུས་རབས་གསར་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཀྱི་ཆོས་ཉིད་ཁྱད་ཆོས་དང་ལས་ཀའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་ཡང་དག་པའི་ངང་ཁོང་དུ་ཆུད་པ། འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་འགན་འཁྲི་རྩད་གཅོད་བཅས་གནད་ལ་འཕིགས་པོ་དགོས་པ། འགག་རྩའི་ཉུང་ཤས་དམ་འཛིན་ནན་པོ་བྱེད་པ། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ། མི་ཕོད་པ་དང་། མི་རུང་བ། མི་བསམ་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་པའི་ལས་ཀ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།