རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས། སྤྱི་ཟླ་བརྒྱད་པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༢.༨འཕར་བ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ་༨པར། རྒྱལ་ཡོངས་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་བརྒྱ་ཆ་༢.༨འཕར་བ་དང་། འཕར་ཚད་ཟླ་བ་གོང་མ་དང་གཅིག་པ་ཡིན་པ་རེད། བཟོ་ལས་ཐད་ལ། སྤྱི་ཟླ་བརྒྱད་པར། བཟོ་ལས་ཐོན་སྐྱེད་མཁན་གྱི་བཟོ་གྲ་ནས་ཕྱིར་ཐོན་པའི་རིན་གོང་སྟོན་གྲངས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༠.༨ཆག་པ་དང་། ཆག་ཚད་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་༠.༥ཆེ་རུ་ཕྱིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།