རྒྱལ་ཁབ་རྒྱལ་སྲུང་སློབ་གསོ་གཞུང་ལས་ཁང་གིས་སྤྱི་ལོ་༢༠༡༩ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་ལས་དོན་སྒྲིག་འཛུགས་བྱ་རྒྱུར་བཀོད་སྒྲིག་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་སྤྱི་ཟླ་༩ཚེས་༢༡ཉིན་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་༡༩པ་རེད། རྒྱལ་ཁབ་རྒྱལ་སྲུང་སློབ་གསོ་གཞུང་ལས་ཁང་གི་ཉིན་ཤས་གོང་བརྡ་ཐོ་བཏང་ནས། སྤྱི་ལོ་༢༠༡༩ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་ལས་དོན་སྒྲིག་འཛུགས་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད། བརྡ་ཐོའི་ནང་ས་གནས་ཁག་དང་། དམག་དཔུང་ཁག་གིས་གཟི་བརྗིད་ལྡན་པའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་བ་དང་། དམག་དམངས་བློ་སེམས་གཅིག་ཏུ་སྒྲིལ་ནས་ཕུགས་འདུན་གཏོད་ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱ་ཁྱབ་ལྡན་པའི་ངང་སྣེ་མང་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་སློབ་གསོའི་ལག་ལེན་དངོས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས། ནུས་ཤུགས་ཡོད་རྒུས་དམག་དཔུང་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས་ཞེས་འཁོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།