དབྱི་སི་རལ་གྱི་ཙུང་ལིས་དབྱི་རན་ལ་ཉིང་རྡུལ་ཚོད་ལྟའི་རྟེན་གཞི་ཡོད་ཅེས་བཤད་པར་དབྱི་རན་ཕྱི་འབྲེལ་དཔོན་གྱིས་ཁས་ལེན་མ་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་ཙུང་ལི་ནི་ཐ་ཉི་ཡ་ཧུས། དབྱི་སི་རལ་ཕྱོགས་ནས་དབྱི་རན་དུ་གསང་བའི་ཉིང་རྡུལ་ཚོད་ལྟ་ཁུལ་ཞིག་འཚོལ་རྙེད་ཐུབ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རན་ལ་གནོན་ཤུགས་སྤྲོད་རྒྱུའི་འབོད་སྐུལ་བཏང་ཡོད་པ་རེད། ནི་ཐ་ཉི་ཡ་ཧུས་དེ་ཉིན་དགོང་མོ་བརྙན་འཕྲིན་གསུང་བཤད་གནང་སྐབས། རྟེན་གཞི་དེ་དབྱི་རན་དབུས་རྒྱུད་ཀྱི་དབྱི་སི་ཧྥ་ཧན་མངའ་སྡེའི་ལྷོ་རྒྱུད་ཨ་པ་ཏའེ་རུ་ཡོད་ཅིང་། དབྱི་རན་གྱིས་རྟེན་གཞི་དེ་བེད་སྤྱོད་བྱས་པ་བརྒྱུད་ཉིང་རྡུལ་མཚོན་ཆ་གསར་སྤེལ་གྱི་ཚོད་ལྟའི་ལས་དོན་སྤེལ་གྱི་ཡོད་ཅེས་གསུངས་ཡོད། དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཧྥུས་དེ་རྗེས་ཤོད་ཚུལ་དེར་ཁས་ལེན་མ་བྱས་པར། ཉིང་རྡུལ་མཚོན་ཆ་ངོ་མ་ཡོད་མཁན་དེ་དབྱི་སིལ་རལ་ཡིན་པས། དེ་ནི་ནི་ཐ་ཉི་ཡ་ཧུས་དམག་འཁྲུག་སློང་ཆེད་ཁ་གཡར་ས་བཙལ་བ་ཞིག་རེད་ཅེས་སྐྱོན་འཛུགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།