ཁུ་པ་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ནན་བཤད་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྐབས་གཉིས་པའི་ཁུ་པ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྤྱི་ཚེས་༩ཉིན་ཧ་ཝ་ན་རུ་སྐོང་འཚོགས་བྱས་ཡོད། ཁུ་པའི་ཕྱི་འབྲེལ་དཔོན་ལོ་ཏེ་ལིས་ཀེ་སི་དང་འཚམས་འདྲིར་ཕེབས་པའི་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་གཅིག་ལྕོགས་མོ་ཀེ་ལི་ཉིས། ཁུ་པ་དང་ཡོ་རོབ་མནའ་འབྲེལ་གྱི་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་གྲོས་ཆོད་དངོས་སུ་གོ་ཆོད་ཅན་དུ་གྱུར་ནས་ལོ་གཉིས་ཙམ་སོང་རིང་གི་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གནས་ཚུལ་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། མུ་མཐུད་ཕྱོགས་གཉིས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ནན་བཤད་གནང་ཡོད། སྤྱི་ལོ་༢༠༡༦ལོའི་ཟླ་བ་༡༢པར། ཡོ་རོབ་མནའ་འབྲེལ་གྱི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱིས་ཁུ་པ་དང་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད། སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༡པར་གྲོས་ཆོད་དེ་དངོས་སུ་གོ་ཆོད་དུ་གྱུར་ཡོད། ཁུ་པ་དང་ཡོ་རོབ་མནའ་འབྲེལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སྒྲོམ་གཞི་དེའི་འོག་དབུ་བརྙེས་པ་མ་ཟད་ན་ནིང་པེར་ཀྲེམ་དུ་གྲོས་ཚོགས་སྐབས་དང་པོ་དེ་སྐོང་འཚོགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།